logo

བོད་ལྗོངས་ཀྱིས་ཤིང་ཏ་ལའི་ལོ་མའི་ཆོས་དཔེ་མྱུར་སྐྱོབ་ལེགས་པོ་བྱས་པ།

རྩོམ་པ་པོ།:བདེ་ཆེན་མཚོ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2012-11-25 ཀློག་གྲངས།:


ལས་བྱེད་མི་སྣ་རྣམས་ཀྱིས་ཤིང་ཏ་ལའི་ལོ་མའི་ཆོས་དཔེ་ལ་ཞིབ་འཇུག་དང་ལེགས་སྒྲིག་བྱེད་བཞིན་པ།

ལས་བྱེད་མི་སྣ་རྣམས་ཀྱིས་ཤིང་ཏ་ལའི་ལོ་མའི་ཆོས་དཔེ་ལ་ཞིབ་འཇུག་དང་ལེགས་སྒྲིག་བྱེད་བཞིན་པ།
拉萨西藏博物馆中11世纪的贝叶经
བོད་ལྗོངས་དངོས་མང་བཤམས་སྟོན་ཁང་དུ་ཉར་བའི་དུས་རབས11པའི་ཤིང་ཏ་ལའི་ལོ་མའི་ཆོས་དཔེ།

  ཉེ་ཆར། བོད་ལྗོངས་དངོས་མང་བཤམས་སྟོན་ཁང་གི་ལས་བྱེད་མི་སྣས་ཤིང་ཏ་ལའི་ལོ་མའི་མ་དཔེ་ལ་ཞིབ་འཇུག་བྱས་པ་རེད། 2006ལོའི་ལོ་སྟོད་དུ་ཤིང་ཏ་ལའི་ལོ་མའི་ཆོས་དཔེ་སྲུང་སྐྱོབ་དང་ཞིབ་འཇུག་བྱེད་པའི་བྱ་བ་འགོ་ཚུགས་པ་ནས་བཟུང་། འབྲེལ་ཡོད་ཀྱི་ལས་བྱེད་མི་སྣའི་ལམ་ཐག་སྤྱི་ལེ17000དང་། མི་ཐེངས600ལྷག་བཀོད་སྒྲིག་བྱས་ནས་བོད་ལྗོངས་ཡོངས་ཀྱི་རྫོང41གི་ལས་ཁུངས་དང་དགོན་སྡེ65དང་། གནས་ཤུལ3སོགས་སུ་རྟོག་ཞིབ་བྱས་ཐོག  བོད་ལྗོངས་སུ་མངའ་བའི་ཤིང་ཏ་ལའི་ལོ་མའི་ཐོན་ཁུངས་ལ་ཁྱོན་ཡོངས་སུ་རྩིས་བཤེར་ཐོ་འགོད་བྱས།  ཐོག་མར་གཏན་ཁེལ་བྱས་པ་ལྟར་ན་བོད་ལྗོངས་སུ་ཁྱོན་སྡོམ་ཤིང་ཏ་ལའི་ལོ་མའི་ཆོས་དཔེ་ཁག1000ལྷག་སྟེ་ལོ་མ་ཁྲི6ལ་ཉེ་བ་འདུག  《བོད་ལྗོངས་སུ་ཉར་བའི་ཤིང་ཏ་ལའི་ལོ་མའི་སྤྱིའི་དཀར་ཆག》དང་། 《བོད་ལྗོངས་སུ་ཉར་བའི་ཤིང་ཏ་ལའི་ལོ་མའི་ཆོས་དཔེའི་པར་མའི་ཕྱོགས་སྒྲིག》སོགས་བསྒྲིགས་ནས་གྲུབ་འབྲས་བླ་མེད་བླངས་པ་རེད། འབྲེལ་ཡོད་ཀྱི་ཆེད་མཁས་རྣམས་ཀྱི་ཚོད་དཔག་བྱས་པ་ལྟར་ན་འཛམ་གླིང་སྟེང་མིག་སྔར་ཡོད་པའི་ཤིང་ཏ་ལའི་ལོ་མའི་ཆོས་དཔེ་ཆིག་སྟོང་ལས་མི་བརྒལ་ཞིང་། དེ་ལས་བོད་ལྗོངས་སུ་བཅུ་ཆའི་དྲུག་ནས་བརྒྱད་བར་ཉར་ཚགས་བྱས་ཡོད་པ་རེད།


འབྲེལ་ཡོད་འོས་སྦྱོར།