དགེ་རྒན་དོར་ཞི་ལགས་ཀྱིས་ལྷོ་ནུབ་མི་རིགས་སློབ་ཆེན་དུ་འཆད་ཁྲིད་གནང་བ།
རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2012-11-06
ཀློག་གྲངས།:

ཚོགས་ཡུལ་དངོས།
ཟླ11པའི་ཚེས2ཉིན། ལྷོ་ནུབ་མི་རིགས་སློབ་ཆེན་བོད་རིག་པའི་གླིང་གིས་གདན་ཞུ་བྱས་པ་ལྟར། ནུབ་བྱང་མི་རིགས་སློབ་ཆེན་གྱི་འབུམ་རམས་པའི་ཁྲིད་སྟོན་དགེ་རྒན་དོར་ཞི་ལགས་ཀྱིས་ལྷོ་ནུབ་མི་རིགས་སློབ་ཆེན་གྱི་སློབ་ཁུལ་གསར་བར་བོད་ཀྱི་རིག་གནས་འཆམ་མཐུན་རྒྱང་བཞུད་མུ་འབྲེལ་རིག་གཞུང་འཆད་ཁྲིད་ཆེན་མོ་ལས་འཆད་ཚན་ཉེར་དྲུག་པ་སྟེ《བོད་ཀྱི་སྲོལ་རྒྱུན་དང་། སློབ་གསོ། དགོན་པའི་སློབ་གསོ་གནད་བསྡུས》ཞེས་པའི་འཆད་ཁྲིད་གནང་།

འཆད་ཁྲིད་གྲོལ་རྗེས་ཀྱི་རྣམ་པ།
ཁོང་གི་འཆད་ཁྲིད་ལ་སློབ་གྲྭ་ཕྱི་ནང་གི་དགེ་རྒན་དང་། འབུམ་རམས་པ། རབ་འབྱམས་པ། དངོས་གཞིའི་སློབ་མ། དེ་མིན་འབྲེལ་ཡོད་སྨྱན་བྱད་ལས་རིགས་ཀྱི་མི་སྣ་སོགས་བསྡོམས་པས་མི800ལྷག་ཐེངས་འདིའི་འཆད་ཁྲིད་ལ་ཉན་པ་རེད།
འབྲེལ་ཡོད་འོས་སྦྱོར།
