logo

《སློབ་གསོ་སྒྲུབ་པ》པར་སྐྲུན་རྩོམ་སྐུལ་གྱི་བརྡ་ཐོ།

རྩོམ་པ་པོ།:སྐྱ་བྷ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2012-11-06 ཀློག་གྲངས།:

         སློབ་གསོའི་ལས་དོན་ལ་བློ་སེམས་དཀར་བའི་དཔྱོད་ལྡན་ལྷན་རྒྱས་ཀྱི་སྤྱན་སྔར།  ལས་རིགས་གང་ཞིག་ལ་མཚོན་ནའང་།  མེད་པ་ནས་ཡོད་པ་དང་། ཡོད་པ་ནས་འཕེལ་རྒྱས། འཕེལ་རྒྱས་ནས་རིག་ཚན་ཞིག་ཏུ་འགྱུར་རག་བར་དཔྱོད་ལྡན་སྣ་མང་གིས་རྔུལ་ཆུའི་ཟེགས་མ་རེ་རེ་གཏོར་ཡོད་པ་བཞིན་རང་རེའི་སློབ་གསོ་ལ་མཚོན་ནའང་དེ་ལྟ་སྟེ། ལྷག་པར་དུ་མི་རིགས་སློབ་གསོ་ལ་མཚོན་ནས་བཤད་ན་ཏང་གི་ཚོགས་ཆེན་ཐེངས་བཅུ་དྲུག་པའི་ཚུན་ནས་ཕྱོགས་ཡོངས་ཀྱི་ཆུ་ཚད་དང་རྒྱུ་སྤུས།  ལྷག་པར་དུ་སློབ་གསོའི་འཐེབ་དངུལ་འཕར་སྣོན་དང་དགེ་རྒན་དཔུང་སྡེའི་འཛུགས་སྐྲུན། སློབ་མའི་རོགས་དངུལ་སྒྲིག་འཛུགས་འཐུས་ཇེ་ཚང་དུ་སོང་དང་འགྲོ་མུས་ཡིན་མོད།
         རང་ཉིད་དགེ་རྒན་ཞིག་ཡིན་པའི་ཆ་ནས་དུས་རྒྱུན་ལས་ཤིག་འཁྱོངས་ན་སྙམ་པའི་ཀུན་སློང་ཡག་པོ་ཞིག་རྟག་ཏུ་ཡོད་པ་དང་། ལྷག་པར་དུ་ཙུང་ལི་ཝང་ཅཱ་པའོ་ཡིས“དགེ་རྒན་ནི་གནམ་འོག་གི་ཆེས་ཕུལ་དུ་བྱུང་བའི་ལས་རིགས་ཤིག་ཡིན་ཏེ། དེས་མི་རབས་རེ་རེར་བླ་མེད་ཀྱི་ནུས་པ་ཐོན་གྱིན་ཡོད” ཅེས་པ་སྙིང་སྟོབས་ཀྱི་ཟས་སུ་སྒོམ་ནས་ཐེངས་འདིར་ཡང《སློབ་གསོ་སྒྲུབ་པ》ཡི་པར་སྐྲུན་རྩོམ་སྐུལ་གྱི་བརྡ་ཐོ་འདི་བཀྲམ་པ་ཡིན་ཞིང་། སློབ་གསོའི་ལས་རིགས་ལ་མཐོང་ཆེན་དང་མོས་པ་མངའ་བའི་དཔྱོད་ལྡན་ལྷན་རྒྱས་ཀྱིས་ལྗགས་རྩོམ་སོགས་ཀྱི་ཐད་ནས་རྒྱབ་སྐྱོར་གནང་རྒྱུ་དང་འབྲེལ་ཡོད་ནང་དོན་གཤམ་གསལ་ལྟར།
དང་པོ།  སློབ་གསོའི་དཔྱད་རྩོམ་གྱི་སྐོར། 
         ནང་དོན་གྱི་ཐད་ནས་ཅི་ནུས་ཀྱིས་དེང་རབས་ལ་ཁ་ཕྱོགས་པ་དང་མ་འོངས་པར་ཁ་ཕྱོགས་པ། འཛམ་གླིང་ལ་ཁ་ཕྱོགས་པ་ཞིག་ཡིན་དགོས།
གཉིས་པ། ལག་ལེན་དང་དོ་དམ་ཁྲོད་ཀྱི་སློབ་གསོ། 
         སློབ་གསོའི་དོ་དམ་ཐད་ཀྱི་ཐབས་ཤེས་གསར་བ་དང་། ཡུན་རིང་ལག་ལེན་ཁྲོད་ཀྱི་ཉམས་མྱོང་ཕྱོགས་བསྡུས་སོགས།
གསུམ་པ། སློབ་ཁྲིད་དཔྱད་གཞིའི་སྐོར། 
         གནའ་དེང་གི་སློབ་ཁྲིད་བྱེད་ཐབས་ཞིབ་སྡུར་དང་། སློབ་ཁྲིད་བྱེད་ཐབས་གསར་བ་འོས་སྦྱོར། སློབ་ཁྲིད་རྩ་དོན་དང་སློབ་ཁྲིད་དཔྱད་གཞིའི་རྒྱུ་ཆ་མཁོ་འདོན།
བཞི་བ། ཕུལ་བྱུང་འཛིན་བདག་གི་ཡིག་ཚགས།
         ཕུལ་བྱུང་འཛིན་བདག་གིས་འཛིན་གྲྭ་དོ་དམ་བྱེད་སྟངས་དང་སློབ་མ་གསོ་སྐྱོང་གི་ཐབས་ཤེས་བཅས།
ལྔ་བ། ལོ་ཙཱའི་གླིང་།
         སྐད་རིགས་གཞན་པའི་སློབ་གསོའི་སྐོར་གྱི་ལེགས་རྩོམ་ལོ་ཙཱ་བྱེད་པ།
དྲུག་པ།   གཞན་དག་གི་སྐོར། 
         ང་ཚོས་ཡིད་མ་དྲན་པ།། ཁྱེད་ཀྱིས་ཡིད་ལ་འཁོར་བཞིན་པ།།  སྙན་ངག་བརྩམ་ཆོས་ཕུད་པའི་བྲི་ཐབས་སྣ་ཚོགས་སྤྱད་ཆོག
བདུན་པ།  ལུང་འདྲེན་རྣམས་ཁུངས་སོ་སོའི་དཔེ་མིང་དང་། ཡིག་རིགས། དཔར་མ། ཤོག་གྲངས།  དཔེ་སྐྲུན་ཁང་སོགས་མཆན་འགོད་ཁ་གསལ་དགོས།
བརྒྱད་པ།  རྩོམ་ཡིག་དང་ཆབས་ཅིག་རྩོམ་པ་པོའི་ལོ་རྒྱུས་ཐུང་ངུ་དང་ཞལ་པར་ཨང་གྲངས། གཏན་འཁེལ་གྱི་སྡོད་གནས་བཅས་བསྐུར་གནང་འཚལ།
དགུ་བ། རྩོམ་ཡིག་བསྡུ་བའི་དུས་ཚོད་ནི། 2012ལོའི་ཟླ11པའི་ཚེས5ནས2013ལོའི་ཟླ6པའི་ཚེས་བདུན་བར་ཡིན།
རྩོམ་ཡིག་སྐུར་ཡུལ།
མཚོ་སྔོན་ཞིང་ཆེན་མཚོ་ལྷོ་ཁུལ་ཞིན་ཧེ་རྫོང་བོད་ཡིག་སློབ་འབྲིང་།
གཡུ་བསོད་བཟང་། 15597091877
སྐྱ་བྷ།       18997343690
ཡིག་ཟམ།     SNGZYJ@163.com
སྦྲགས་སྲིད།       813000


འབྲེལ་ཡོད་འོས་སྦྱོར།