logo

ཁུལ་དཔོན་ཚེ་ཕྲུག་གིས་རྨ་བོད་སློབ་འབྲིང་དུ་གཏམ་བཤད་གལ་ཆེན་གནང་།

རྩོམ་པ་པོ།:ཀྱེ་འཕུར་མཆོག་གསུམ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2012-10-24 ཀློག་གྲངས།:

ཁུལ་དཔོན་ཚེ་ཕྲུག་གིས་རྨ་བོད་སློབ་འབྲིང་དུ་གཏམ་བཤད་གལ་ཆེན་གནང་།
སློབ་མའི་འཐུས་ཚབ་པས་ཁུལ་དཔོན་ལ་ཁ་བཏགས་འབུལ་གྲབས་ཡོད་པ།

         ཟླ10བའི་ཚེས23ཉིན། དེ་སྔ་རྨ་ཆུ་རྫོང་གི་རྫོང་དཔོན་ཏེ་ད་ལྟའི་ཀན་ལྷོ་ཁུལ་གྱི་ཁུལ་དཔོན་གཞོན་པ་ཚེ་ཕྲུག་ལགས་ཀྱིས་རྨ་ཆུ་རྫོང་བོད་རིགས་སློབ་འབྲིང་དུ་སྤྱི་ཚོགས་བདེ་འཇགས་དང་ཚེ་སྲོག་ལ་གཅེས་སྤྲས། ཚན་རིག་ལ་ཡིད་ཆེས་ཡོད་དགོས་པའི་གླེང་གཞི་དང་སྦྱར་ཏེ་གནས་དེའི་དགེ་སློབ2400ལྷག་ལ་ལྷག་བསམ་དཀར་པོས་རང་ཉིད་ཀྱི་མྱོང་བ་དང་སྤྱི་ཚོགས་སྣང་ཚུལ་མང་པོ་སྒྲོ་འདོགས་དང་འུར་བརྗོད། ཡོ་འཁྱོག་དང་རྫ་རྫི་མེད་པར་སེམས་ཀྱི་རང་མདངས་ལ་བརྒྱུས་ཏེ་སེམས་གཏམ་གལ་ཆེན་གནང་།

ཁུལ་དཔོན་ཚེ་ཕྲུག་གིས་རྨ་བོད་སློབ་འབྲིང་དུ་གཏམ་བཤད་གལ་ཆེན་གནང་།
རྨ་ཆུའི་སློབ་གསོ་བ་ཁུལ་དཔོན་ཚེ་ཕྲུག་ལགས་ཀྱིས་གསུང་བཤད་གནང་བཞིན་པ།

         ཁོང་གིས་སྔོན་དང་ད་ལྟའི་སྤྱི་ཚོགས་གཤིབ་བསྡུར་དང་སྲིད་ཇུས་འཕེལ་རྒྱས་ཆེ་བའི་དགེ་མཚན་གཞིར་བཟུང་སྟེ་སློབ་གྲོགས་རྣམས་ཀྱིས་སྐལ་བ་བཟང་པོ་འདི་དམ་འཛིན་དང་ཁོར་ཡུག་ལེགས་པོའི་ཆ་རྐྱེན་ལ་བསྟུན་ཏེ་དུས་རབས་དང་མཐུན་པ། མི་རིགས་དང་མཐུན་པ། རྒྱལ་ཁབ་ཀྱི་སྲིད་ཇུས་དང་མཐུན་པའི་སློབ་མ་ཡ་རབས་ཤིག་བྱེད་དགོས་པའི་བསླབ་བྱ་མང་དུ་གནང་ལ། རང་ཉིད་ལ་མི་ཚེ་ལྟ་བ་དང་འཇིག་རྟེན་ལྟ་བ། ཤེས་རིག་གི་ལྟ་བ་ལེགས་པོ་ཞིག་ཆགས་དགོས་པའི་གལ་ཆེ་རང་བཞིན་ནན་ཏུ་གསུངས་པས་དགེ་སློབ་ཀུན་གྱིས་དགའ་བསུ་ཆེས་ཆེར་ཐོབ།


འབྲེལ་ཡོད་འོས་སྦྱོར།