logo

སི་ཁྲོན་ཞིང་ཆེན་སྨེ་བ་རྫོང་རིག་རྩལ་མཐུན་ཚོགས་དབུ་བརྙེས་པའི་མཛད་སྒོ་བསྡུས་པ།

རྩོམ་པ་པོ།:བདེ་ཆེན་མཚོ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2012-10-15 ཀློག་གྲངས།:

文艺汇演
རིག་རྩལ་འཁྲབ་སྟོན།

རིག་རྩལ་གྲུབ་འབྲས་འགྲེམ་སྟོན་སྐབས་དང་པོ།

  ཟླ10བའི་ཚེས10ཉིན། སི་ཁྲོན་ཞིང་ཆེན་རྔ་བ་ཁུལ་སྨེ་བ་རྫོང་རིག་རྩལ་མཐུན་ཚོགས་དབུ་བརྙེས་པའི་མཛད་སྒོ་དང་འཐུས་མི་ཚོགས་ཆེན་ཐེངས་དང་པོ་བསྡུས་པ་རེད།
  སྨེ་བ་རྫོང་ལ་རིག་གནས་ཀྱི་རྫོངས་སྟུག་པོ་ཡོད་ཅིང་རིག་གནས་བྱ་འགུལ་ཕུན་སུམ་ཚོགས་པོ་སྤེལ་བའི་ཁར། རིག་རྩལ་ཐད་ཀྱི་མི་སྣ་འཇོན་ཐང་ཅན་མང་པོ་སྐྱེད་སྲིང་བྱས། གསར་དུ་བཙུགས་པའི་སྨེ་བ་རྫོང་རིག་རྩལ་མཐུན་ཚོགས་ཀྱིས་མི་རིགས་ཀྱི་ཕུལ་བྱུང་རིག་གནས་རྒྱུན་འཛིན་དང་། སྨེ་བ་རྫོང་གི་ཁྱད་ཆོས་དང་དུས་རབས་ཀྱི་སྙིང་སྟོབས་ཀྱིས་ཕྱུག་པའི་རིག་རྩལ་བརྩམས་ཆོས་འདོན་སྤྲོད་བྱེད་པ་དེ་དམིགས་བྱར་བཟུང་ནས་ཁོངས་མི་རྣམ་པས་སྨེ་བའི་བདེ་སྐྱིད་ཀྱི་འཚོ་བ་དར་སྤེལ་དུ་གཏོང་རྒྱུ་དེ་ཕྲག་ཏུ་བླངས་ཏེ་དུས་རབས་ཀྱི་རྣམ་པ་གསར་བར་བསྟོད་པ་ཡིན། རིག་རྩལ་མཐུན་ཚོགས་ཀྱི་ཁོངས་སུ་རྩོམ་རིག་ལ་སྤྲོ་བ་ཡོད་མཁན་དང་། སྐོར་བྲོ། དམངས་གླུ་ཟློས་གར། བོད་རྒྱ་ཡིག་རིས། བརྙན་པར། རོལ་དབྱང་ཞབས་བྲོ་བཅས་བྱེ་བྲག་གི་མཐུན་ཚོགས7ལ་བགོས་ཡོད་པ་དང་། མིག་སྔར་ཁོངས་མི400ལྷག་ཡོད་པ་རེད།
  ཚེས10བའི་ཕྱི་དྲོར། སྨེ་བ་རྫོང་རིག་རྩལ་མཐུན་ཚོགས་ཀྱིས་སྒྱུ་རྩལ་གྲུབ་འབྲས་འགྲེམ་སྟོན་དང་རིག་རྩལ་འཁྲབ་སྟོན་སྐབས་དང་པོ་སྤེལ་ནས་རྒྱ་ཆེའི་ལས་བྱེད་པ་དང་། མི་དམངས་མང་ཚོགས། དགེ་སློབ་རྣམ་པར་རིག་གནས་ཀྱི་སྤྲོ་སྟོན་རྒྱ་ཆེན་པོ་ཞིག་ངོམ་པས་ཀུན་གྱིས་དགའ་བསུ་ཆེན་པོ་ཐོབ་པ་རེད།


འབྲེལ་ཡོད་འོས་སྦྱོར།