《ཀྲུང་ཧྭ་གསོ་རིག་ཀུན་འདུས》ལས་བོད་ཀྱི་གསོ་རིག་རྩོམ་སྒྲིག་ཚོགས་པའི་ཚོགས་འདུ་བསྡུས་པ།

《ཀྲུང་ཧྭའི་གསོ་རིག་ཀུན་འདུས》ལས་བོད་ཀྱི་གསོ་རིག་རྩོམ་སྒྲིག་ཚོགས་པའི་ཚོགས་འདུའི་ཡུལ་དངོས།
《ཀྲུང་ཧྭའི་གསོ་རིག་ཀུན་འདུས》ལས་བོད་ཀྱི་གསོ་རིག་རྩོམ་སྒྲིག་ཚོགས་པའི་ཚོགས་འདུའི་ཡུལ་དངོས།
ཉེ་ཆར། བོད་ལྗོངས་དང་། མཚོ་སྔོན། ཀན་སུའུ། སི་ཁྲོན། ཡུན་ནན་བཅས་ལྗོངས་ཞིང་ལྔའི་བོད་ཀྱི་གསོ་རིག་ཆེད་མཁས་པ་རྣམས《ཀྲུང་ཧྭའི་གསོ་རིག་ཀུན་འདུས》ལས་བོད་ཀྱི་གསོ་རིག་རྩོམ་སྒྲིག་ཚོགས་པའི་ཚོགས་འདུར་ཞུགས་པ་རེད། 《ཀྲུང་ཧྭའི་གསོ་རིག་ཀུན་འདུས》ལས་བོད་ལུགས་གསོ་རིག་གི་རྩོམ་སྒྲིག་གིས་ཕུལ་དུ་བྱུང་བའི་མི་རིགས་རིག་གནས་འཛིན་སྤེལ་དང་། བོད་ལུགས་གསོ་རིག་བྱ་གཞག་གོང་དུ་སྤེལ་བ། བོད་ལུགས་གསོ་རིག་གྱི་རིག་གཞུང་གོ་གནས་མཐོར་འདེགས། དེ་མིན་རྒྱལ་སྤྱིའི་མཚན་སྙན་ཇེ་རྒྱས་སུ་གཏོང་བ་བཅས་ཀྱི་ཐད་དོན་སྙིང་ཆེན་པོ་ལྡན།
མཚོ་སྔོན་སློབ་ཆེན་བོད་ལུགས་གསོ་རིག་སློབ་གླིང་གི་གླིང་གཙོ་དང་། མཚོ་སྔོན་ཞིང་ཆེན་བོད་སྨན་ཁང་གི་མགོ་གཙོ། འབུམ་རམས་པའི་ཁྲིད་སྟོན་དགེ་རྒན་འོད་ཚོགས་ཆེན་ལགས་ཀྱིས་བགྲང་བྱ་སུམ་ཅུའི་རིང་དུ་བོད་ལུགས་གསོ་རིག་རིག་གཞུང་དང་རིག་གནས་མྱུར་སྐྱོབ་དང་། འདོན་སྤེལ། བེད་སྤྱོད། ཁྱབ་བརྡལ་དུ་གཏོང་བར་རང་ནུས་ཅི་ལྕོགས་སྒོས་ནུས་པ་འདོན་བཞིན་ཡོད་པས། 《ཀྲུང་ཧྭའི་གསོ་རིག་ཀུན་འདུས》རྩོམ་སྒྲིག་ཚོགས་པས་ཁོང་ཉིད《ཀྲུང་ཧྭའི་གསོ་རིག་ཀུན་འདུས》བོད་ཀྱི་གསོ་རིག་པོ་ཏིའི་རྩོམ་སྒྲིག་པར་བསྐོས་པ་རེད།
བོད་ཀྱི་གསོ་རིག་པོ་ཏིའི་རྩོམ་སྒྲིག་བྱ་བར་སྔོན་ལ་བོད་ཡིག་གི་ལམ་ནས་རྩོམ་སྒྲིག་དང་རྗེས་སུ་རྒྱ་ཡིག་ཏུ་ལོ་ཙཱ་བྱེད་པའི་རིམ་པ་གཉིས་སུ་བགོས་འདུག་ཅིང་། ཁྱོན་སྡོམ་རིག་ཚན26དང་དེར་ནང་ཚན1814ཡོད་པ་དང་། བོད་ཡིག་ལ་ཁྱོན་སྡོམ་ཡིག་གྲངས་ས་ཡ2དང་། རྒྱ་ཡིག་ལ་ཁྱོན་སྡོམ་ཡིག་གྲངས་ས་ཡ1དང་འབུམ6ཡོད་ལ། དཔེ་དེབ་འདིས་བོད་ལུགས་གསོ་རིག་གི་གཞུང་ལུགས་དང་། རྨང་གཞིའི་ཤེས་བྱ། འཕེལ་རྒྱས་གསར་བ་བཅས་ལ་སྤྱི་བསྡོམས་བྱས་ནས་བོད་ལུགས་གསོ་རིག་གོང་སྤེལ་གྱི་གྲུབ་འབྲས་མངོན་པར་མཚོན་པའི་མཚམས་ཐོ་གསར་བ་ཞིག་ཡིན་ནོ། །
