logo

《སློབ་ཆུང་བོད་སྐད་ཡིག་གི་ཟུར་ལྟའི་ཀློག་དེབ》ཅེས་པ་པར་དུ་བསྐྲུན་པ།

རྩོམ་པ་པོ།:བྱ་གཞུང་དབང་ཆེན་ཚེ་རིང་། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2012-10-08 ཀློག་གྲངས།:

《སློབ་ཆུང་བོད་སྐད་ཡིག་གི་ཟུར་ལྟའི་ཀློག་དེབ》ཅེས་པ་པར་དུ་བསྐྲུན་པ།
མདུན་ཤོག

རྒྱབ་ཤོག

         《སློབ་ཆུང་བོད་སྐད་ཡིག་གི་ཟུར་ལྟའི་ཀློག་དེབ》ཅེས་པའི་དེབ་འདི་ནི་སློབ་ཆུང་དགེ་རྒན་གྱི་ལས་སུ་ཞུགས་ཏེ་མི་ལོ14འདས་ཟིན་པའི་བྱ་གཞུང་དབང་ཆེན་ཚེ་རིང་ལགས་ཀྱིས་རྩོམ་སྒྲིག་བྱས་པ་ཞིག་ཡིན་ཞིང་ཉེ་ལམ་ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་ནས་པར་བསྐྲུན་བྱས། དེབ་འདི་ནི་ཁོང་གི《སློབ་ཆུང་བོད་སྐད་ཡིག་གི་སྦྱང་གཞི་ལྷན་ཐབས》དང《ཆུང་འབྲིང་སློབ་མའི་རྒྱུགས་ལེན་སྦྱང་གཞི》། 《སློབ་ཆུང་བོད་སྐད་ཡིག་གི་བསྐྱར་སྦྱང་ཀུན་འདུས》བཅས་འབྲེལ་ཡོད་དེབ་དང་དེབ་ཕྲེང་གསུམ་རྩོམ་སྒྲིག་བྱས་པའི་ཉམས་མྱོང་བསགས་པའི་སྟེང་ལ། ཞིང་ལྗོངས་ལྔའི་མཉམ་སྒྲིག་སློབ་ཆུང་བོད་སྐད་ཡིག་སློབ་དེབ་ཟུར་ལྟའི་ཀློག་དེབ་ཀྱི་ཚུལ་དུ་རྩོམ་སྒྲིག་བྱས་པ་ཡིན།


དཀར་ཆག
 
གཞུང་དངོས།

དེབ་འདིའི་ཁྱད་ཆོས་གཙོ་བོ་གཤམ་གསལ།
ཀ  དྲི་བ་དྲིས་ལན901གིས་སློབ་ཆུང་ལོ་རིམ་དང་པོ་ནས་དྲུག་པའི་བར་གྱི་སློབ་ཚན་རེ་རེའི་ཤེས་བྱའི་གནད་ཅི་ཡོད་རྒྱུ་མ་ཐག་འདེད་ཀྱི་ཚུལ་དུ་བསྟར་ལ་བརྒྱུས་ཡོད།
ཁ། བསམ་གཞིག315ལྷག་གིས་སློབ་མའི་བསམ་གཞིག་གི་བློ་སྒོ་ཀུན་ནས་འབྱེད་པར་ནུས་པ་བླ་ལྷག་བཏོན་ཡོད།
ག སྒྲ་མཚུངས་ཐ་སྙད་འགྲེལ་བ470ལྷག་གིས་མིང་ལ་དག་ཆ་ཐོན་པར་ཕན་ནུས་བསྐྲུན་ཡོད།
ང་། མངོན་བརྗོད་དཀའ་འགྲེལ24དང་། དཔེ་ཆོས་དཀའ་འགྲེལ81གིས་སློབ་ཆུང་སློབ་མའི་མིང་གི་མངོན་བརྗོད་དང་དཔེ་ཆོས་ཀྱི་ཤེས་ཚད་མཐོར་འདེགས་བཏང་ཡོད།
ཅ། མི་སྣ་འོས་སྦྱོར28ཀྱིས་སློབ་ཆུང་སྐབས་རིམ་དུ་ཅིས་ཀྱང་ཤེས་དགོས་པའི་མི་སྣའི་ལོ་རྒྱུས་གསལ་བོར་བཀོད་ཡོད།
ཆ། ཉེར་སྤྱོད་ཡིག་རིགས་འབྲི་དཔེ10ལྷག་གིས་སློབ་མའི་རྩོམ་འབྲིའི་ནུས་པ་གོང་དུ་སྤེལ་བར་ནུས་པ་གལ་ཆེན་བཏོན་ཡོད།
ཇ། རྒྱུན་ཤེས་ཕྲན་ཚེགས4དང་། ཉེར་མཁོ་ཐ་སྙད་སྐད་གཉིས་ཤན་སྦྱར80ཙམ་གྱིས་བོད་ཀྱི་ལོ་རྒྱུས་ལ་གོ་བ་རགས་ཙམ་ཆགས་པ་དང་། ཕ་སྐད་གཙང་མ་འཆད་པར་ཕྱར་བ་གྲུ་འདེགས་ཀྱི་ནུས་པ་ཐོན་ཡོད།
ཉ། དཔེ་མཚོན་མཐར་ཕྱིན་རྒྱུགས་གཞིས་སློབ་སྦྱོང་གི་ཁ་ཕྱོགས་མཚོན་པར་བྱས་ཡོད།


རྩོམ་སྒྲིག་པ།

         མདོར་ན། དེབ་འདི་ནི་སློབ་ཆུང་གི་སློབ་མ་དང་དགེ་རྒན། བོད་ཡིག་ཟུར་ཁྲིད་བྱེད་པའི་ཁྱིམ་བདག་མ་ཟད། བོད་ཡིག་གི་རྨང་གཞི་ཞན་པའི་སློབ་འབྲིང་དང་མཐོ་འབྲིང་སློབ་མ་དག་ལའང་མཁོ་གལ་ཤིན་ཏུ་ཆེ།
ཟུར་བཀོད།
འབྲེལ་གཏུག་ས་གནས།
མཚོ་སྔོན་ཞིང་ཆེན་མཚོ་ལྷོ་ཁུལ་ཀོས་ནན་རྫོང་མགོ་མང་བཅའ་སྡོད་སློབ་གྲྭ།
འབྲེལ་གཏུག་ཁ་པར།   15597352119


འབྲེལ་ཡོད་འོས་སྦྱོར།