logo

རྒྱ་བོད་ནང་བསྟན་རིག་པའི་དཔྱད་ཞིབ་གྲོས་ཚོགས་སྐབས་གཉིས་པ་དང་ཇོ་ནང་རིག་གནས་སྐོར་གྱི་གླེང་སྟེགས་སྤེལ་བ།

རྩོམ་པ་པོ།:བདེ་ཆེན་མཚོ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2012-09-26 ཀློག་གྲངས།:

汉藏佛学学术研讨会
རྒྱ་བོད་ནང་བསྟན་རིག་པའི་དཔྱད་ཞིབ་གྲོས་ཚོགས་སྐབས་གཉིས་པ་དང་ཇོ་ནང་རིག་གནས་སྐོར་གྱི་གླེང་སྟེགས་སྤེལ་བའི་ཡུལ་དངོས།

  ཟླ9བའི་ཚེས21ཉིན། རྒྱ་བོད་ནང་བསྟན་རིག་པའི་དཔྱད་ཞིབ་གྲོས་ཚོགས་སྐབས་གཉིས་པ་དང་ཇོ་ནང་རིག་གནས་སྐོར་གྱི་གླེང་སྟེགས་དེ་པེ་ཅིང་དུ་བསྡུས་པ་རེད། “རྒྱ་བོད་འབྲེལ་འདྲིས་ལས་རིག་པའི་ཉིང་བཅུད་མྱོང་བ།”ཞེས་པ་བརྗོད་གཞིར་བྱས་ཤིང་། རྒྱལ་ཁབ་ཕྱི་ནང་གི་རིག་གནས་པ་རྣམས་མཉམ་དུ་འཛོམས་ཏེ་བོད་རྒྱ་ནང་བསྟན་རིག་གནས་དང་བོད་བརྒྱུད་ནང་བསྟན་གྱི་སྒྱུ་རྩལ་སོགས་ལ་ཁ་ཕྱོགས་ནས་རྩད་སྡུར་རྒྱ་ཆེན་པོ་གནང་བ་རེད།
  ཚོགས་འདུའི་སྟེང་སྤེལ་བའི་དཔྱད་རྩོམ་དག《ཡིག་ཆའི་ཁྲོད་ཀྱི་ལོ་རྒྱུས་ཏེ་ལི་ཡུལ་དང་རྒྱ་ནག་ཏུ་བོད་བརྒྱུད་ནང་བསྟན་སྤེལ་བ》ཞེས་པའི་དཔེ་དེབ་ཅིག་བསྒྲིགས་ནས་ཀྲུང་གོའི་བོད་རིག་པའི་དཔེ་སྐྲུན་ཁང་གིས་པར་བསྐྲུན་འགྲེམ་སྤེལ་བྱེད་གྲབས་ཡོད་ཅིང་། ཚོགས་འདུའི་ཐོག་ཚངས་པའི་དབྱངས་དང་། ལྡེབས་རིས། ཐང་ག་སོགས་བོད་བརྒྱུད་ནང་བསྟན་གྱི་ཇོ་ནང་བའི་ཤུལ་བཞག་རིག་གནས་རྩ་ཆེན་དག་འགྲེམ་སྟོན་བྱས་པ་རེད། དེར་མ་ཟད་སི་ཁྲོན་ཞིང་ཆེན་རྔ་བ་ཁུལ་གཙང་བ་དགོན་དེ་ཀྲུང་གོ་མི་དམངས་སློབ་ཆེན་གྱི་རྒྱལ་ཁབ་རིག་གནས་སློབ་གླིང་གི་སློབ་ཁྲིད་དང་དངོས་སྦྱོང་བྱེད་གནས་སུ་བཙུགས་ནས་སྒོ་བྱང་གི་ཡོལ་རས་འབྱེད་པའི་མཛད་སྒོ་བསྡུས་པ་རེད།


ཀྲུང་གོ་མི་དམངས་སློབ་ཆེན་གྱི་རྒྱལ་ཁབ་རིག་གནས་སློབ་གླིང་གི་སློབ་ཁྲིད་དང་དངོས་སྦྱོང་བྱེད་གནས་ཀྱི་སྒོ་བྱང་གི་ཡོལ་རས་འབྱེད་པའི་མཛད་སྒོ་བསྡུ་བཞིན་པ།


འབྲེལ་ཡོད་འོས་སྦྱོར།