མཚོ་ལྷོ་མི་རིགས་མཐོ་འབྲིང་དང་པོའི་སློབ་མ་དག་གིས་ཕྱུགས་འཚོའི་རིག་གནས་རྒྱུས་ལོན་བྱེད་པ།

སློབ་གྲྭའི་ལུས་རྩལ་ར་བ་རུ་སྦྲ་ནག་ཕུབ་སྟེ་སློབ་མ་རྣམས་ལ་གནའ་བོའི་
བོད་ཀྱི་ཕྱུགས་འཚོའི་རིག་གནས་རྒྱུས་ལོན་བྱེད་དུ་འཇུག་པ།
ཉེ་ལམ། མཚོ་སྔོན་ཞིང་ཆེན་མཚོ་ལྷོ་ཁུལ་མི་རིགས་མཐོ་འབྲིང་དང་པོའི་ལུས་རྩལ་ར་བ་རུ་སྦྲ་ནག་ཕུབ་སྟེ་བོད་ཀྱི་རྒྱུན་སྤྱོད་འཚོ་བའི་ཡོ་ཆས་སོགས་བཤམས་པའི་བྱ་འགུལ་སྤེལ་བ་དང་། སློབ་མ་རྣམས་ཀྱིས་རྒྱས་འགྲེལ་པའི་ཁྲིད་སྟོན་འོག་སྦྲ་ནག་ཏུ་གཟིགས་ཞིབ་བྱེད་པ་རེད།

སྦྲ་གུར་ནང་ངོས་ཀྱི་རྣམ་པ།
སློབ་གྲྭས་མཚམས་སྦྱོར་བྱས་པ་ལྟར་ན། གཟུགས་འདས་རིག་གནས་ཤུལ་བཞག་མུ་མཐུད་དུ་སྲུང་སྐྱོང་དང་རྒྱུན་འཛིན། དར་སྤེལ་བཅས་བྱེད་པ་དང་། སློབ་མ་རྣམས་ཀྱིས་གཟུགས་འདས་རིག་གནས་ཤུལ་བཞག་གི་གལ་ཆེན་རང་བཞིན་སེམས་སུ་ངེས་པ་དང་། བོད་རིགས་ཀྱི་གནའ་བོའི་ཕྱུགས་རིགས་འཚོ་སྡོད་ཀྱི་དམངས་སྲོལ་རིག་གནས་རྒྱུས་ལོན་ཟབ་མོ་ཞིག་བྱེད་པར་ཆེད་དུ་སློབ་གྲྭའི་ལུས་རྩལ་ར་བ་རུ་སྦྲ་ནག་ཕུབ་སྟེ་སློབ་མ་རྣམས་ལ་མི་རིགས་ཀྱི་རིག་གནས་རྒྱུས་ལོན་དང་སློབ་སྦྱོང་བྱེད་དུ་བཅུག
