logo

མཚོ་ལྷོ་ཁུལ་གཞི་རིམ་རྐང་འཛིན་ལོ་ཙཱ་བའི་གསོ་སྦྱོང་འཛིན་གྲྭ་བསྡུས་པ།

རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2012-08-14 ཀློག་གྲངས།:


མཚོ་ལྷོ་ཁུལ་གཞི་རིམ་རྐང་འཛིན་ལོ་ཙཱ་བའི་གསོ་
སྦྱོང་འཛིན་གྲྭ་འགོ་ཚུགས་མཛད་སྒོ།

         ཟླ8པའི་ཚེས13ཉིན།  མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཨུའི་རྩ་འཛུགས་པུའུ་དང་ཁུལ་བོད་སྐད་ཡིག་བྱ་བའི་གཞུང་ལས་ཁང་གིས་མཉམ་འབྲེལ་སྒོས་མཚོ་ལྷོ་ཁུལ་གཞི་རིམ་རྐང་འཛིན་ལོ་ཙཱ་བའི་གསོ་སྦྱོང་བྱ་འགུལ་གསེར་ཆེན་རྫོང་ཆབ་ཆ་གྲོང་རྡལ་དུ་དུས་ཡུན་ཉིན་ལྔ་ལ་སྤེལ་འགོ་བརྩམས།
          ཆུ་ཚོ8:30སྟེང་།  མཚོ་ལྷོ་ཁུལ་བོད་སྐད་ཡིག་བྱ་བའི་གཞུང་ལས་ཁང་གི་འགོ་གཙོ་གཞོན་པ་དཔའ་འབྲུག་འབུམ་གྱི་མདོ་འཛིན་འོག་གསོ་སྦྱོང་དངོས་སུ་འགོ་བརྩམས་ཤིང་།  ཁུལ་ཨུའི་རྩ་འཛུགས་པུའི་འགོ་གཙོ་གཞོན་པ་ནཱ་ཡུའུ་ཧྥུ་དང་མཚོ་ལྷོ་ཁུལ་བོད་སྐད་ཡིག་བྱ་བའི་གཞུང་ལས་ཁང་གི་འགོ་གཙོ་ཚེ་ལོ་སོགས་འབྲེལ་ཡོད་འགོ་ཁྲིད་ཐེངས་འདིའི་གསོ་སྦྱོང་འགོ་ཚུགས་ཀྱི་མཛད་སྒོར་ཞུགས།  ནཱ་ཡུའུ་ཧྥུ་ལགས་ཀྱིས་གཏམ་བཤད་མདོར་བསྡུར་ཏེ་ཐེངས་འདིའི་གསོ་སྦྱོང་འཛིན་གྲྭ་འཛུགས་པའི་དམིགས་ཡུལ་དང་དགེ་མཚན་བརྗོད་ཅིང་།   ད་ལྟའི་བར་གྱི་གཞུང་ཡིག་ལོ་ཙཱའི་ཐད་ཁས་ལེན་དང་གདེང་འཇོག་ལེགས་པོ་བྱས་པ་དང་ཆབས་ཅིག་མིག་སྔར་ལོ་ཙཱའི་བྱ་བའི་ཁྲོད་གནས་པའི་གནད་དོན་ཁག་གླེང་སྟེ་འདིར་བཞུགས་སློབ་གཉེར་བ་དག་ལ་ཞིབ་ཕྲའི་རེ་བ་དང་སྨོན་འདུན་བཅོལ་བ་དང་།  འདི་ལྟ་བུའི་ཁུལ་ཡོངས་གཞི་རིམ་རྐང་འཛིན་ལོ་ཙཱའི་གསོ་སྦྱོང་འཛིན་གྲྭར་ཞུགས་པའི་གོ་སྐབས་ཉག་ཕྲ་བས་རྣམ་པ་ཚོས་དམ་འཛིན་ལེགས་པོ་བྱས་ཏེ་སེམས་རྣལ་མས་སློབ་སྦྱོང་དང་འབྲེལ་འདྲིས་བརྒྱུད་དེ་རང་ཉིད་ཀྱི་ལོ་ཙཱའི་ཆུ་ཚད་སྔར་ལས་མཐོར་འདེགས་བྱེད་དགོས་པ་བསྟན།


མཚོ་སྔོན་ཞིང་ཆེན་དམངས་ཁྲོད་སྒྱུ་རྩལ་པའི་མཐུན་ཚོགས་ཀྱི་རྒྱུན་ལས་
འགོ་གཙོ་གཞོན་པའམ་གསེར་ཆེན་རྫོང་གི་རྫོང་དཔོན་གཞོན་པ་
བསོད་ནམས་རྡོ་རྗེས་ཐོག་མར་འཆད་ཁྲིད་གནང་བ།

         གསོ་སྦྱོང་འཛིན་གྲྭ་འགོ་ཚུགས་མཛད་སྒོ་མཇུག་སྒྲིལ་རྗེས།   མཚོ་སྔོན་ཞིང་ཆེན་དམངས་ཁྲོད་སྒྱུ་རྩལ་པའི་མཐུན་ཚོགས་ཀྱི་རྒྱུན་ལས་འགོ་གཙོ་གཞོན་པའམ་གསེར་ཆེན་རྫོང་གི་རྫོང་དཔོན་གཞོན་པ་བསོད་ནམས་རྡོ་རྗེས་ཐོག་མར་འཆད་ཁྲིད་གནང་བ་སྟེ།  བོད་ཀྱི་གནའ་རབས་ལོ་ཙཱའི་གཞུང་ལུགས་བརྗོད་བྱར་བཟུང་ནས་ལོ་ཙཱའི་ཐད་ཀྱི་ལོ་རྒྱུས་དང་ལོ་ཙཱ་བྱེད་ཐབས།  ལོ་ཙཱའི་ཚད་གཞིི་སོགས་རིམ་པར་བརྗོད།
         ཚེས13ནས་ཚེས17བར་སློབ་ཁྲིད7བཀོད་སྒྲིག་བྱས་ཡོད་དེ། མཚོ་སྔོན་མི་རིགས་སློབ་ཆེན་བོད་རིག་པའི་གླིང་གི་དགེ་རྒན་ཆེན་མོ་བུ་བཞི་དང་། མཚོ་སྔོན་ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ཞིབ་འཇུག་ལྟེ་གནས་ཀྱི་འགོ་གཙོའམ་གྲངས་ཉུང་མི་རིགས་གནའ་དཔེ་གཞུང་ལས་ཁང་གི་འགོ་གཙོ་གཞོན་པ་དང་འགྱུར་ཞུས་གཞོན་པ་པདྨ་ལྷུན་གྲུབ།  གེ་སར་རིག་པ་བ་ཆབ་འགག་རྡོ་རྗེ་ཚེ་རིང་སོགས་ལོ་ཙཱའི་གཞུང་ལུགས་དང་ཉམས་མྱོང་ཕུན་སུམ་ཚོགས་པའི་ཆེད་མཁས་པ་དང་དགེ་རྒན་ཆེན་མོ་རྣམས་ཀྱིས་བོད་རྒྱ་ལོ་ཙཱའི་ཐད་ཀྱི་གཞུང་ལུགས་ཤེས་བྱ་དང་། ལག་ལེན་ཉམས་མྱོང་། བརྡ་ཆད་གསར་བའི་ཚད་གཞི་ཞིབ་འཇུག་སྐོར་འཆད་ཁྲིད་བྱ་རྒྱུ་ཡིན་པ་རེད།


སློབ་སྦྱོང་བྱེད་བཞིན་པ།

         ཐེངས་འདིའི་ལོ་ཙཱའི་གསོ་སྦྱོང་ལ་ཞུགས་མཁན་ནི་མཚོ་ལྷོ་ཁུལ་བོད་སྐད་ཡིག་བྱ་བའི་གཞུང་ལས་ཁང་དང་། མཚོ་ལྷོ་ཁུལ་རྩོམ་རིག་མཉམ་འབྲེལ་ལྷན་ཚོགས། མཚོ་ལྷོ་ཁུལ་ཨུའི་དྲིལ་སྒྲོག་པུའུ།  མཚོ་ལྷོ་ཁུལ་མི་དམངས་ཁྲིམས་ཁང་། མཚོ་ལྷོ་ཁུལ་ཚགས་པར་ཁང་། མཚོ་ལྷོ་ཁུལ་མང་ཚོགས་སྒྱུ་རྩལ་ཁང་། མཚོ་ལྷོ་ཁུལ་བརྙན་འཕྲིན་ཁང་། གསེར་ཆེན་རྫོང་བོད་སྐད་ཡིག་བྱ་བའི་གཞུང་ལས་ཁང་། གསེར་ཆེན་རྫོང་རྒྱང་བསྒྲགས་བརྙན་འཕྲིན་ཁང་། ཁྲི་ཀ་རྫོང་བོད་སྐད་ཡིག་བྱ་བའི་གཞུང་ལས་ཁང་། ཁྲི་ཀ་རྫོང་སྲིད་དོན་གཞུང་ལས་ཁང་།  ཁྲི་ཀ་རྫོང་རྒྱང་བསྒྲགས་ཁང་། ཁྲི་ཀ་རྫོང་ལ་ཟེ་བ་གྲོང་རྡལ། མང་རྫོང་བོད་སྐད་ཡིག་བྱ་བའི་གཞུང་ལས་ཁང་། མང་རྫོང་སྲིད་དོན་གཞུང་ལས་ཁང་།  མང་རྫོང་རྫོང་ཨུའི་གཞུང་ལས་ཁང་། མང་རྫོང་རྒྱང་བསྒྲགས་ཁང་། བྲག་དཀར་རྫོང་བོད་སྐད་ཡིག་བྱ་བའི་གཞུང་ལས་ཁང་།  བྲག་དཀར་རྫོང་བུད་མེད་མཉམ་འབྲེལ་ལྷན་ཚོགས། བྲག་དཀར་རྫོང་རྒྱང་བསྒྲགས་བརྙན་འཕྲིན་ཁང་། བྲག་དཀར་རྫོང་ཞིང་ཕྱུག་ལས་ཅུའུ། བྲག་དཀར་རྫོང་ཆོས་ལུགས་ཅུའུ། བྲག་དཀར་རྫོང་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་།   འབའ་རྫོང་བོད་སྐད་ཡིག་བྱ་བའི་གཞུང་ལས་ཁང་སོགས་ལས་ཁུངས25དང་གསོ་སྦྱོང་ལ་ཞུགས་པའི་སློབ་མ་བསྡོམས་པས66འདུས།


སློབ་མ་རྣམས་ལྷན་དུ་པར་བརྒྱབ་པ།


འབྲེལ་ཡོད་འོས་སྦྱོར།