logo

དགེ་རྒན་ཆེན་མོ་ཏིང་འཛིན་མཆོག་གིས་དེབ་ཆིངས་ལག་ལེན་དམར་ཁྲིད་ཀྱི་ཟབ་སྦྱོང་འཛིན་གྲྭ་བསྡུས་པ།

རྩོམ་པ་པོ།:བདེ་ཆེན་མཚོ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2012-08-08 ཀློག་གྲངས།:

藏医专家当增
བོད་ལུགས་གསོ་རིག་ཆེད་མཁས་པ་ཏིང་འཛིན་ལགས།

ཟབ་སྦྱོང་བྱེད་བཞིན་པའི་ཡུལ་དངོས།

  ཉེ་སྔོན། ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་བོད་སྨན་ཁང་གིས་བོད་ལུགས་གསོ་རིག་གི་སྲོལ་རྒྱུན་གྱི་སྨན་དཔྱད་ལག་རྩལ་དང་བོད་ལུགས་གསོ་རིག་གི་ནད་ཐོག་སྨན་བཅོས་ཀྱི་ནུས་པ་མཐོར་འདེགས་སུ་གཏོང་ཆེད། མཚོ་སྔོན་ཞིང་ཆེན་གྱི་བོད་ལུགས་གསོ་རིག་གི་ཆེད་མཁས་པ་ཏིང་འཛིན་ལགས་གདན་ཞུ་བྱས་ནས་ཉིན་བཅུའི་རིང་དུ་དེབ་ཆིངས་ལག་ལེན་དམར་ཁྲིད་ཀྱི་ཟབ་སྦྱོང་མཐོར་འདེགས་འཛིན་གྲྭ་བསྡུས་པ་རེད། ཁུལ་ཡོངས་ཀྱི་བོད་ལུགས་གསོ་རིག་སྡེ་ཁག་དང་མཚོ་སྔོན་ཞིང་ཆེན་གྱི་བོད་ལུགས་གསོ་རིག་ཆེད་ལས་མི་སྣ110ལྷག་ཟབ་སྦྱོང་ལ་ཞུགས་པ་རེད།
  དགེ་རྒན་ཆེན་མོ་ཏིང་འཛིན་ལགས་ཀྱིས་དོན་གསལ་ཞིང་གོ་བདེ་བའི་ངང་ནས་གཞུང་ལུགས་ཀྱི་དཀའ་གནད་དག་གསལ་དཀྲོལ་བྱས་པས། ཟབ་སྦྱོང་ལ་ཞུགས་པའི་སྨན་པ་རྣམས་ཀྱིས་བོད་ལུགས་གསོ་རིག་གི་སྲོལ་རྒྱུན་གྱི་རུས་ནད་སྨན་དཔྱད་ལག་རྩལ་ལ་ངེས་ཤེས་ཟབ་མོ་ཞིག་བསྐྱེད་ཐུབ་པ་བྱུང་།
  ཐེངས་འདིའི་ཀན་ལྷོ་ཁུལ་བོད་ལུགས་གསོ་རིག་ཞིབ་འཇུག་གླིང་དུ་སྤེལ་བའི་ཟབ་སྦྱོང་འདིས་བོད་ལུགས་གསོ་རིག་རུས་ནད་ཚན་ཁག་གི་ནད་ཐོག་སྨན་བཅོས་ཀྱི་ལག་ལེན་དང་ལག་རྩལ་འཛིན་སྤེལ་དང་། ཀན་ལྷོ་ཁུལ་བོད་ལུགས་གསོ་རིག་གོང་སྤེལ་དུ་གཏོང་བར་དགེ་མཚན་ཆེན་པོ་ལྡན་པ་རེད།


འབྲེལ་ཡོད་འོས་སྦྱོར།