logo

མཚོ་སྔོན་བོད་རིག་པའི་ཞིབ་འཇུག་རྟེན་གཞིའི་ཡོལ་བ་འབྱེད་པའི་མཛད་སྒོ་བསྡུས་པ།

རྩོམ་པ་པོ།:བདེ་ཆེན་མཚོ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2012-07-20 ཀློག་གྲངས།:

中国人类学民族学研究会青海藏文化研究基地在青海藏文化馆揭牌
མཛད་སྒོའི་ཡུལ་དངོས།

མཛད་སྒོའི་ཡུལ་དངོས།

  ཟླ7པའི་ཚེས19ཉིན། ཀྲུང་གོའི་མིའི་རིགས་རིག་པ་དང་མི་རིགས་རིག་པའི་ཞིབ་འཇུག་ཚོགས་པ་མཚོ་སྔོན་བོད་རིག་པའི་ཞིབ་འཇུག་རྟེན་གཞིའི་ཡོལ་བ་འབྱེད་པའམ་ཀྲུང་གོའི་མིའི་རིགས་རིག་པ་དང་མི་རིགས་རིག་པ་ན་གཞོན་རིག་གནས་པའི་མཐོ་རིམ་ཞིབ་སྦྱོང་འཛིན་གྲྭའི་འགོ་ཚུགས་པའི་མཛད་སྒོ་དེ་མཚོ་སྔོན་ཞིང་ཆེན་བོད་ཀྱི་རིག་གནས་ཁང་དུ་བསྡུས་པ་རེད།
  རྒྱུས་ལོན་བྱུང་བ་ལྟར་ན་ཀྲུང་གོའི་མིའི་རིགས་རིག་པ་དང་མི་རིགས་རིག་པའི་ཞིབ་འཇུག་ཚོགས་པ་ནི་རྒྱལ་ཁབ་མི་རིགས་དོན་གཅོད་ཨུ་ཡོན་ལྷན་ཁང་གི་ཐད་གཏོགས་ཀྱི་རྒྱལ་ཡོངས་རང་བཞིན་གྱི་མིའི་རིགས་རིག་པ་དང་མི་རིགས་རིག་པའི་ཞིབ་འཇུག་སྡེ་ཁག་ཅིག་ཡིན་ཅིང་། 2007ལོའི་ཟླ3པར་བཙུགས་པ་དང་། རྒྱབ་ཁབ་མི་རིགས་དོན་གཅོད་ཨུ་ཡོན་ལྷན་ཁང་གི་ཆོག་མཆན་འོག་ཀྲུང་གོའི་མིའི་རིགས་རིག་པ་དང་མི་རིགས་རིག་པའི་ཞིབ་འཇུག་ཚོགས་པས་ད་ལོའི་ཟླ5བར་མཚོ་སྔོན་བོད་ཀྱི་རིག་གནས་ཁང་དུ“ཀྲུང་གོའི་མིའི་རིགས་རིག་པ་དང་མི་རིགས་རིག་པའི་ཞིབ་འཇུག་ཚོགས་པ་མཚོ་སྔོན་བོད་རིག་པའི་ཞིབ་འཇུག་རྟེན་གཞི”བཙུགས་པ་རེད།
  ཐེངས་འདིའི་ཞིབ་སྦྱོང་འཛིན་གྲྭ་ནི་ཟླ7པའི་ཚེས19ཉིན་ནས་ཚེས25ཉིན་བར་དུ་མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་དུ་བསྡུ་རྒྱུ་ཡིན་ལ། ཞིབ་སྦྱོང་འཛིན་གྲྭར་རྒྱལ་ཡོངས་ནས་ཡོང་བའི་ན་གཞོན་རིག་གནས་པ60ལྷག་ཞུགས་ཡོད་ཅིང་། དེའི་ཁྲོད་མཚོ་སྔོན་རང་ས་གནས་ཀྱི་སློབ་མ22ཞུགས་ཡོད་པ་རེད། ཐེངས་འདིའི་ཞིབ་སྦྱོང་འཛིན་གྲྭའི་སྟེང་ཆིན་ཧྭ་སློབ་ཆེན་དང་། པེ་ཅིང་སློབ་ཆེན། ཀྲུང་གོ་མི་དམངས་སློབ་ཆེན། བྱང་ཕྱོགས་མི་རིགས་སློབ་ཆེན་བཅས་ཀྱི་དགེ་རྒན་ཆེན་མོ་གདན་འདྲེན་བྱས་འདུག  ཆེད་མཁས་པ་དང་དགེ་རྒན་ཆེན་མོ་དེ་རྣམས་ཀྱིས་ཆེད་དོན་འཆད་ཁྲིད་ཀྱི་ཚུལ་གྱིས་སློབ་ཁྲིད་བྱེད་རྒྱུ་ཡིན་པར་མ་ཟད། སློབ་མ་རྣམས་རྩ་འཛུགས་བྱས་ཏེ་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་དུ་རིག་གནས་རྟོག་དཔྱོད་བྱེད་རྒྱུ་རེད།


འབྲེལ་ཡོད་འོས་སྦྱོར།