སྐབས་བཞི་བའི་ཞིང་ཆེན་ཡོངས་ཀྱི་འབྲིང་ཆུང་སློབ་མའི་རྩོམ་རིག་འགྲན་བསྡུར།

ཐོག་བདམས་རྩོམ་རིག་ལ་ཡུལ་དངོས་སུ་དཔྱད་འཇོག་བྱེད་པ།
གུང་གཞོན་ཚོགས་པ་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཚོགས་དང་། མཚོ་སྔོན་ཞིང་ཆེན་སློབ་གསོ་ཐིན། མཚོ་སྔོན་ཞིང་ཆེན་རྩོམ་རིག་མཉམ་འབྲེལ་ལྷན་ཚོགས་བཅས་ཀྱིས་གཙོ་སྒྲུབ་དང་། མཚོ་སྔོན་ཞིང་ཆེན་སློབ་གསོ་ཐིན་རྨང་གཞིའི་སློབ་གསོ་ཁང་དང་། མཚོ་སྔོན་ཞིང་ཆེན་རྩོམ་པ་པོ་མཐུན་ཚོགས། མཚོ་སྔོན་ཞིང་ཆེན་ན་གཞོན་ཕོ་བྲང་མཐུན་ཚོགས་བཅས་ཀྱིས་རོགས་སྒྲུབ་གནང་བ། མཚོ་སྔོན་ཞིང་ཆེན་ན་གཞོན་བྱ་འགུལ་ལྟེ་གནས་ཀྱིས་འགན་སྒྲུབ་གནང་བའི་སྐབས་བཞི་བའི་ཞིང་ཆེན་ཡོངས་ཀྱི་འབྲིང་ཆུང་སློབ་མའི་ཕུལ་བྱུང་རྩོམ་རིག་འགྲན་བསྡུར་དེ་ཟླ5བ་ནས་ཟླ6པའི་བར་སྤེལ་རྒྱུ་ཡིན་པ།

མཚོ་སྔོན་ཞིང་ཆེན་ན་གཞོན་བྱ་འགུལ་ལྟེ་གནས་ཀྱིས་ཡུལ་དངོས་དཔྱད་འཇོག་གནང་བ།
འགྲན་ཞུགས་བརྩམས་ཆོས་ཀྱི་ནང་དོན་ནི་ཀྲུང་ཧྭའི་རིག་གནས་ལ་བསྟོད་པ་དང་། འཆམ་མཐུན་སྤྱི་ཚོགས་ལ་བསྟོད་པ། དེ་མིན་མཛེས་སྡུག་མཚོ་སྔོན་གྱི་མ་འོངས་མདུན་ལམ་དང་། ན་གཞོན་རྣམས་བསམ་པའི་འཇིག་རྟེན་ལ་རེ་སྒུག་བྱེད་པ་མཚོན་ཞིང་། སྔར་ལས་ལྷག་པར་ཡང་དག་པའི་ཕུགས་བསམ་དང་། ཡང་དག་པའི་མི་གཤིས་འཚོལ་སྙེག་བྱེད་པ་ཞིག་ཡིན་དགོས། དེར་སློབ་ཆུང་གི་ལོ་རིམ1ནས6བར་དང་། དམའ་འབྲིང་གི་ལོ་རིམ7ནས12བར། སློབ་ཆེན་གྱི་སློབ་མའི་བརྩམས་ཆོས་བཅས་བསྡུ་པ་ཡིན་ལ། སློབ་ཆུང་རུ་ཁག་དང་སློབ་འབྲིང་རུ་ཁག སློབ་ཆེན་རུ་ཁག་བཅས་སུ་བསྒོས་ཏེ་ལེགས་འདེམ་འགྲན་བསྡུར་བྱེད་པ་ཡིན།
དེར་བྱ་དགའ་ཨང་དང་པོ་དང་གཉིས་པ། གསུམ་པ། རྟིང་སྐུལ་བྱ་དགའ་བཅས་བཀོད་སྒྲིག་བྱས་ཡོད་ཅིང་། འདེམ་སྐྱེལ་སློབ་གྲྭའི་དགེ་རྒན་ལ་ཕུལ་བྱུང་ཁྲིད་སྟོན་བྱ་དགའ་དང་། སློབ་མ30ཡན་འདེམ་སྐྱེལ་བྱེད་པའི་སློབ་གྲྭར་ཕུལ་བྱུང་རྩ་འཛུགས་བྱ་དགའ་གནང་རྒྱུ་ཡིན་ལ། མིག་སྔར་མཚོ་སྔོན་ཞིང་ཆེན་རྩོམ་པ་པོ་མཐུན་ཚོགས་ཀྱིས་མངགས་གཏོང་བྱས་པའི་རྩོམ་པ་པོས་དཔྱད་འཇོག་བྱ་བ་མཇུག་སྒྲིལ་བ་རེད།
