logo

ལྷོ་ནུབ་མི་རིགས་སློབ་ཆེན་གྱི་དགེ་རྒན་པདྨ་མཚོས་བོད་རིགས་སྐྱེས་མ་དང་འབྲེལ་བའི་རིག་གཞུང་འཆད་ཁྲིད་གནང་བ།

རྩོམ་པ་པོ།:བདེ་ཆེན་མཚོ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2012-06-05 ཀློག་གྲངས།:

དགེ་རྒན་པདྨ་མཚོས་འཆད་ཁྲིད་གནང་བ།
དགེ་རྒན་ཆེན་མོ་པདྨ་མཚོ་ལགས་ཀྱིས་འཆད་ཁྲིད་གནང་བཞིན་པ།

  ཟླ5བའི་ཚེས24ཉིན། ལྷོ་ནུབ་མི་རིགས་སློབ་ཆེན་མི་རིགས་ཞིབ་འཇུག་གླིང་ཆོས་ལུགས་རིག་པའི་དགེ་རྒན་ཆེན་མོའམ་འབུམ་རམས་པ་པདྨ་མཚོ་ལགས་ཀྱིས་ལྷོ་ནུབ་མི་རིགས་སློབ་ཆེན་དུ་སྐྱེས་མའི་རིང་ལུགས་དང་བོད་རིགས་སྐྱེས་མ་ཞེས་པའི་རིག་གཞུང་འཆད་ཁྲིད་ཅིག་གནང་བ་རེད།
  དགེ་རྒན་ཆེན་མོ་པདྨ་མཚོ་ལགས་ཀྱིས་རྒྱལ་ཕྱིའི་བོད་རིག་པའི་ཆེད་མཁས་རྣམས་ཀྱིས་སྐྱེས་མ་ལ་ཞིབ་འཇུག་བྱས་པའི་དཔྱད་འབྲས་དང་ཟུང་དུ་འབྲེལ་ནས་སྐྱེས་མའི་རིང་ལུགས་ཀྱི་བྱུང་ཚུལ་དང་། རྣམ་པ། བོད་ཀྱི་རིག་གནས་ཁྲོད་སྐྱེས་མར་བཅངས་པའི་ལྟ་སྟངས་སོགས་ཀྱི་ཐད་ཕྲ་ཞིང་ཞིབ་པའི་ངང་ར་སྤྲོད་བྱས་ཤིང་། ཁོ་མོས་ཡུལ་དངོས་སུ་རྟོག་ཞིབ་བྱས་པར་བརྒྱུད་ནས་བོད་རིགས་བཙུན་མའི་འཚོ་བ་དང་སྤྱི་ཚོགས་ཀྱི་ཐོབ་ཐང་སོགས་ལ་འགྱུར་ལྡོག་བྱུང་བ་དང་། དེང་རབས་བོད་ཁུལ་གྱི་དགོན་སྡེ་རྣམས་སུ་སློབ་གསོའི་སྒྲིག་གཞི་གསར་བ་ཞིག་སྟེ་བཙུན་མའི་སློབ་གསོ་ཞིག་གསར་དུ་ཆགས་པར་བརྟེན་མཁན་མོ་བྱུང་ཚུལ་སོགས་ཀྱི་སྐོར་བརྗོད་པ་རེད།


འཆད་ཁྲིད་གནང་བཞིན་པའི་ཡུལ་དངོས།

  དེར་མ་ཟད་ཁོ་མོས་སྐྱེས་མ་རྣམས་ཀྱིས་རང་ཉིད་ཀྱི་བྱང་ཚད་དང་ནུས་པ་སོགས་ཕྱོགས་ཅི་ཐད་ནས་མཐོར་འདེགས་བྱེད་པར་བརྟེན་ནས་མིག་དཔེ་བཟང་པོ་ཞིག་བསྐྲུན་ཏེ་བོད་རིགས་སྐྱེས་མའི་ལོ་རྒྱུས་ཀྱི་ཤོག་ལྷེ་གསར་བ་འབྲི་དགོས་པའི་རེ་བ་བཏོན་པ་རེད། 


འབྲེལ་ཡོད་འོས་སྦྱོར།