འཇམ་དབྱངས་ཚོགས་པའི་བོད་ཡིག་སྒྱུར་བྱེད3རྟག་ཏུ་རིན་མེད་དུ་བེད་སྤྱོད་ཆོག་འགོ་ཚུགས།
བོད་ཡིག་སྒྱུར་བྱེད་ཀྱི་དྲ་ངོས།
འཇམ་དབྱངས་ཚོགས་པའི་ཀུན་དགའ་ཚེ་རིང་དང་དབྱང་ཧྲུའུ་ཁྲང་གཉིས་ཀྱིས་བཟོས་པའི་བོད་ཡིག་སྒྱུར་བྱེད3དེ་རིང་ནས་བཟུང་རྟག་ཏུ་རིན་མེད་བེད་སྤྱོད་ཆོག་འགོ་ཚུགས།
བོད་ཡིག་སྒྱུར་བྱེད་འདིས་ཧི་མ་ལ་ཡ་དང་། སཾ་བྷོ་ཊ། པཎྜི་ཏ། དོན་ཡོད། ཧྥང་ཀྲིང་། ཧྭ་ཀོང་བཅས་ཕན་ཚུན་བསྒྱུར་ཐུབ་པས་བོད་ཡིག་ཡིག་གཟུགས་མི་འདྲ་བ་ཕན་ཚུན་བེད་སྤྱོད་ཐུབ་པའི་ནུས་པ་ཐོན་པར་མ་ཟད། ད་དུང་བོད་ཡིག་ཀ་མད་གོ་རིམ་སྒྲིག་ཐུབ་པས་བེད་སྤྱོད་མཁན་ལ་དམིགས་བསལ་གྱི་ཐུགས་མཁོ་སྐོང་། རྩོམ་སྒྲིག་དང་། དཔེ་སྐྲུན། དཔར་འདེབས་སོགས་བོད་ཡིག་ལས་རིགས་ལ་སྟབས་བདེ་ཆེན་པོ་བསྐྲུན་ཅིང་། བོད་ཡིག་སྤྱོད་མཁན་གྱི་སྲིད་གཞུང་ལས་ཁུངས་དང་བོད་ཡིག་ཞིབ་འཇུག་སྡེ་ཁག་སོགས་ཀྱིས་རྩོམ་འབྲི་དང་། དྲ་ཚིགས་བཟོ་བ། དཔེ་ཀློག་བཅས་ཀྱི་སྐོར་ལའང་ཐུགས་མཁོ་ཆེ་ཞིང་། བོད་རྒྱ་ཡིག་རིགས་གཉིས་ཀྱི་རྩ་ཐོ་ཡོད་ལ། བེད་སྤྱོད་སྟབས་བདེ་བ། བསྒྱུར་བ་ནོར་འཁྲུལ་མེད་པ། གོ་ཆོད་པ་བཅས་ཀྱི་བོད་ཡིག་སྒྱུར་བྱེད་ཅིག་ཡིན།
བོད་ཡིག་སྒྱུར་བྱེད་ཐོན་རིམ3པའི་ནུས་པ་ཇེ་ལེགས་སུ་བཏང་བ་ནི། སྒོ་ཕྱེ་མགྱོགས་པ། སྒྱུར་ཐབས་གསར་བ་སྤྱད་ནས་སྒྱུར་མགྱོགས་སུ་བཏང་བ། ཡིག་ཆ་ཁ་འབྱེད་པའམ་གླན་པའི་ཚེ་ངོས་བཟུང་བའི་ནུས་པ་ལེགས་སུ་བཏང་བསrtfདང་། unicode སྤྱིར་བཏང་ཡི་གེ ansiབཅས་ངོས་ཟིན་པར་མ་ཟད། ཧི་མ་ལ་ཡ་དང་། སཾ་བྷོ་ཊ། པཎྜི་ཏ། དོན་ཡོད། ཧྥང་ཀྲིང་། ཧྭ་ཀོང་བཅས་ཡིག་རིགས་སྣ་མང་ངོས་ཟིན། wordདངrtfཡི་ཡིག་ཆ་ཐད་ཀར་ཁ་འབྱེད་ཐུབ་ལ། མ་གཞིའི་ཡིག་ཆ་དེ་སོར་བཞག་ལdocདངrtfའགྲོས་ཅན་ཟུར་དུ་ཉར་ཆོག་པའི་ནུས་པ་བསྣན་ཡོད། སཾ་བྷོ་ཊའམ་ཡིག་གཟུགས་གཞན་དག་རྗེ་སྐབས་སྒེའུ་ཁུང་སོ་སོར་འབྱེད་པའི་ངལ་བ་མི་དགོས་པས་སྟབས་བདེ། ཡི་གེ་སྒྱུར་སྐབས་བོད་རྒྱ་དབྱིན་གསུམ་དང་ཡིག་རིགས་འདྲེས་མ། བོད་ཡིག་ཡིག་གཟུགས་འདྲེས་མ་བཅས་སོ་སོར་འབྱེད་པའི་ནུས་པ་ཁ་སྣོན་བྱས་ཕྱིར། བོད་ཡིག་ཡིག་གཟུགས་འདྲ་མིན་ཚང་མ་དུས་གཅིག་ཏུ་གཟུགས་གཅིག་ལ་སྒྱུར་ཐུབ་ཅིང་། བོད་ཡིག་མ་ཡིན་པ་རྣམས་སོར་བཞག་ཐུབ་པས་ལྷག་པར་སྟབས་བདེ། བོད་ཡིག་ཀ་ཕྲེང་སྒྲིག་མགྱོགས་པའི་ནུས་པ་བཅས་བསྣན་ཡོད།
གསལ་བཤད།
1 བོད་ཡིག་སྒྱུར་བྱེད་འདིའི་དཔར་དབང་དེ་འཇམ་དབྱངས་ཚོགས་པའི་ཀུན་དགའ་ཚེ་རིང་དང་དབྱང་ཧྲུའུ་ཁྲང་ལ་ཡོད།
2 མཉེན་ཆས་འདི་རྟག་ཏུ་རིན་མེད་བེད་སྤྱོད་ཆོག
3 མཉེན་ཆས་འདི་ཅི་བདེར་སྤེལ་ཆོག་མོད། བཅོས་པ་དང་། སྒྱུར་བ། སློག་པ་སོགས་རྩ་སྒྲུབ་ཟློག་པའི་རིགས་མི་ཆོག་ལ་མཉེན་ཆས་གཞན་པའི་ནང་དུ་ཚང་མའམ་ཁག་གཅིག་ཀྱང་འདྲེན་མི་ཆོག
4 ཐོབ་འགོད་བྱས་མིན་སུ་ལའང་མཉེན་ཆས་འདིས་དངོས་ཤུགས་གང་ནས་ཀྱང་འགན་མི་ལེན། སྒྲིག་པ་པོས་མཉེན་ཆས་འདི་ལས་བྱུང་བའི་རྟོགས་བྱེད་བོར་བ་དང་། བསྣད་པ། ཁེ་ཕན་བརླག་པ་སོགས་གྱོང་ཁའི་འགན་གང་ཡང་མི་འཁུར།
5 གལ་ཏེ་འགན་འཁུར་ནང་གི་ཚན་པ་གང་ཞིག་ལ་འཐད་པ་མེད་ན། ངེས་པར་དུ་མཉེན་ཆས་འདི་གསུབ་པ་དང་བེད་སྤྱོད་མཚམས་འཇོག་དགོས།
ཕབ་ལེན་དྲ་གནས།