logo

ཡབ་གཞིས་པཎ་རིག་འཛིན་དབང་མོས་གངས་རྒྱན་སློབ་གྲྭར་གློག་སློབ་སྒྲིག་ཆས་ཞལ་འདེབས་སུ་ཕུལ།

རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2012-04-22 ཀློག་གྲངས།:


བོད་ཡིག་ཚབ་བྱེད་སློབ་མ།

         ཉེ་ལམ། འབུམ་རམས་པ་ཡབ་གཞིས་པཎ་རིག་འཛིན་དབང་མོས་གངས་རྒྱན་སློབ་གསོ་སྦྱོང་བརྡར་སློབ་གྲྭར་གློག་སློབ་སྒྲིག་ཆས་ཞལ་འདེབས་སུ་ཕུལ་བའི་མཛད་སྒོ་དེ་མཚོ་སྔོན་ཞིང་ཆེན་ཟི་ལིང་གངས་རྒྱན་སློབ་གསོ་སྦྱོང་བརྡར་སློབ་གྲྭ་ནས་སྤེལ་པ་རེད།


སློབ་གྲྭའི་དགེ་རྒན་རྣམས་མཉམ་གྱིས་པར་རྒྱབ་པ།

         ཆིན་ཧྭ་སློབ་ཆེན་དངུལ་རྩ་རིག་པའི་འབུམ་རམས་པའི་ཐོབ་ཐང་བླངས་བའི་པན་ཆེན་སྐུ་ཕྲེང་བཅུ་བ་མཆོག་གི་སྲས་མོ་ཡབ་གཞིས་པཎ་རིག་འཛིན་དབང་མོས་ཟི་ལིང་གངས་རྒྱན་སློབ་གསོ་སྦྱོང་བརྡར་སློབ་གྲྭར་འཕེལ་འགྲིབ་པར་ལེན་འཕྲུལ་ཆས་དང་རྩིས་འཁོར་སོགས་གློག་སློབ་སྒྲིག་ཆས་ཞལ་འདེབས་སུ་གནང་།
         མཛད་སྒོའི་སྟེང་སློབ་མ་རྣམས་ཀྱིས་བོད་རྒྱ་དབྱིན་གསུམ་གྱི་སྐད་རིགས་ལ་བརྟེན་ནས་གཏམ་བཤད་ཅིང་། ཡབ་གཞིས་པཎ་རིག་འཛིན་དབང་མོས་སློབ་གྲྭར་ཐུགས་ཁུར་དང་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་། རྗེས་ཕྱོགས་བོད་རྒྱ་དབྱིན་གསུམ་གྱི་ལམ་ནས་སྐད་ཡིག་སྔར་ལས་ལྷག་པར་སློབ་སྦྱོང་བྱེད་དགོས་ཚུལ་བསྟན།


འབྲེལ་ཡོད་འོས་སྦྱོར།