དགེ་སློབ་རྣམས་ཀྱིས་སློབ་རའི་ཁོར་ཡུག་སྔོ་ལྗང་དུ་སྐྲུན་པར་བརྩོན་པ།

དགེ་སློབ་ཡོངས་ཀྱིས་སློབ་ར་མཛེས་སྒྱུར་དང་ལྗང་སྒྱུར་བྱེད་པའི་ལས་ལ་བརྩོན་བཞིན་པ།
སློབ་རའི་ཁོར་ཡུག་ཇེ་མཛེས་དང་སྔོ་ལྗང་ཅན་དུ་བསྒྱུར་ཏེ་རྒྱ་ཆེའི་དགེ་སློབ་ཡོངས་ལ་བྱ་བ་དང་སློབ་སྦྱོང་གི་ཁོར་ཡུག་ལེགས་པོ་ཞིག་སྐྲུན་དགོས་པའི་ཁར། མཚོ་ལྷོ་ཁུལ་མི་རིགས་མཐོ་འབྲིང་གཉིས་པའི་སློབ་ཁུལ་གསར་བ་དེ་མེ་ཏོག་ལྡུམ་ར་ལྟ་བུའི་སློབ་གྲྭ་ཞིག་ཏུ་འཛུགས་པར་དགོངས་ཏེ། ད་ལོར་སློབ་གྲྭའི་འགོ་ཁྲིད་རྣམས་ཀྱིས་རང་རྟོགས་སྒོས་བརྩོན་ལེན་དང་ཁུལ་སློབ་གསོ་བྱ་བའི་ཨུ་ཡོན་ལྷན་ཚོགས་ཀྱིས་རྒྱབ་སྐྱོར། ཁྲི་ཀ་རྫོང་ཨུ་སྲིད་གཞུང་གི་མ་དངུལ་ཤུགས་ཆེན་བཏོན་པ་དང་། ཁྲི་ཀ་རྫོང་ནགས་ལས་ཁུར་ཡུག་སྲུང་སྐྱོབ་ཅུ་སོགས་ཀྱི་རྒྱབ་སྐྱོར་ཆེན་པོའི་འོག སློབ་ར་མཛེས་སྒྱུར་དང་ལྗང་སྒྱུར་བྱེད་པའི་ལས་གཞི་འགོ་བརྩམས་ནས་ཕན་འབྲས་ལེགས་པོ་ཐོབ།

ལྗང་སྒྱུར་བྱས་པའི་སློབ་རའི་ཟུར་ཞིག
ཟླ4བའི་ཟླ་དཀྱིས་ནས་བཟུང་། སློབ་གྲྭས་ཐེངས་དྲུག་ལ་སྡོང་འཛུགས་བྱས་ཤིང་ངལ་རྩལ་བ་མི་ཐེངས900ལྷག་ཡོད་པ་དང་། སྡོང་སྣ་རིགས19ལྷག་འདུས་ཤིང་བསྡོམས་པས113383ལྷག་བཙུགས་ཡོད། ལྗང་སྐྲུན་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ901ཡིན།
ཐེངས་འདིའི་སློབ་ར་ལྗང་སྒྱུར་བྱ་བར་ཕན་འབྲས་མི་དམན་པ་བྱུང་ཞིང་། སློབ་ར་ལྗང་སྒྱུར་བྱེད་པའི་ཚད་གཞི་སྔར་ལས་མཐོར་འདེགས་སུ་བཏང་ལ། རྒྱ་ཆེ་བའི་དགེ་སློབ་ཡོངས་ལ་སྤྲོ་སྐྱིད་ཀྱི་ཁོར་ཡུག་ཞིག་སྐྲུན་པར་རྨང་གཞི་ལེགས་པོ་བཏང་བ་རེད།
