logo

ཁྲི་ཀ་བཅའ་སྡོད་སློབ་གྲྭས་སྐབས་གསུམ་པའི་གངས་སེང་རྟགས་མའི་རྐང་རྩལ་སྤོ་ལོ་འགྲན་བསྡུར་སྤེལ་པ།

རྩོམ་པ་པོ།:སྟག་རིག་འབྲུག་ཐར། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2012-04-13 ཀློག་གྲངས།:


གྲེ་འགྱུར་ངག་གི་དབྱངས་ལ་འགུག་པ།

          དབྱར་གྱི་དཔལ་ཡོན་མངོན་པར་རྒྱས་པ་དང་བསྟུན་ནས་ཁྲི་ཀ་རྫོང་མི་རིགས་བཅའ་སྡོད་སློབ་གྲྭས་སྐབས་གསུམ་པའི་གངས་སེང་རྟགས་མའི་རྐང་རྩལ་སྤོ་ལོ་འགྲན་བསྡུར་དེ་སློབ་གྲྭའི་རྩལ་སྦྱང་ར་བ་ནས་གཟབ་རྒྱས་ངང་བསྡུས།


རྐང་རྩལ་སྤོ་ལོ་འགྲན་པ།

          ཐེངས་འདིའི་འགྲན་བསྡུར་ལ་དགེ་རྒན་སོ་སོའི་ཆུ་ཚད་དང་བསྟུན་ནས་རུ་ཁག་བཞི་དང་སློབ་མའི་རུ་ཁག་བཅས་བསྡོམས་པས་རུ་ཁག་ལྔ་རུ་བགར་ཏེ། ཉིན་གུང་དུས་ཚོད་གཅིག་གི་སྟེང་དུ་རོལ་དབྱངས་སྙན་མོའི་འགྱུར་ཁུགས་དང་ཁ་དོག་སྣ་ལྔའི་དར་སྒྲེང་རུ་ཁག་གི་འཕུར་སྐྱོད་ཁྲོད་ནས་སྐབས་གསུམ་པའི་གངས་སེང་རྟགས་མའི་རྐང་རྩལ་སྤོ་ལོ་འགྲན་བསྡུར་གྱི་མཛད་སྒོ་དངོས་སུ་མགོ་བརྩམས་པ་རེད།


རྐང་རྩལ་སྤོ་ལོ་འགྲན་པའི་ཡུལ་དངོས།

          ཐོག་མར་གླུ་མ་ཆུང་ཆུང་གཡུ་མཚོ་སྐྱིད་ཀྱི་གྲེ་འགྱུར་ངག་གི་སྒོ་མོ་དང་སྦྱར་ནས་གྱ་ནོམ་ཞིང་སྟངས་སྟབས་ལེགས་པའི་རིག་རྩལ་འཁྲབ་སྟོན་བྱས་རྗེས་གོ་རིམ་བཞིན་དུ་ལུས་རྩལ་པ་དང་ཤན་འབྱེད་པ་སོ་སོས་མཛའ་བརྩེ་དང་པོ་དང་འགྲན་བསྡུར་གཉིས་པའི་མཆོད་ཚིག་དང་དྲང་བདེན་འདྲ་མཉམ་ལུགས་མཐུན་གྱི་དམ་ཚིག་གཟུར་མེད་གསང་མཐོར་བསྒྲགས་རྗེས་སློབ་གཙོ་གཞོན་པས་འགྲན་སྡུར་འགོ་རྩོམ་པའི་ཁྱབ་བསྒྲགས་ཀྱི་གསུང་དབྱངས་ཁྲོད་ནས་འགྲན་སྡུར་དངོས་སུ་འགོ་བརྩམས་པ་རེད།


ཡུལ་དངོས་ཀྱི་རྣམ་པ།

          རུ་ཁག་སོ་སོས་ཀྱང་ཐུན་མོང་གི་རྒྱལ་ཁའི་ཆེད་དུ་སྤོ་ལོ་རྩེད་སྟངས་ལ་སྔོན་སྦྱོང་དང་རྒྱུག་རྩལ་གྱི་ནུས་པ་ཇེ་མཐོར་གཏོང་ཆེད་ནངས་མོའི་ཞོགས་རྩལ་གྱི་སྐབས་ནས་བཟུང་སྦྱོང་བརྡར་ལེགས་པོ་བྱས་པས་མཐུན་སྒྲིལ་ནི་སྟོབས་ཤུགས་དང་འབད་བརྩོན་ནི་རྒྱལ་ཁ་ཡིན་པ་ཀུན་ལ་ར་སྤྲོད་བྱས་པ་རེད། རེབ་འདིའི་གཅིག་གྱུར་གྱི་གྱོན་པ་དང་རུ་མི་སོ་སོའི་ཧུར་ཐག་ལས་སྐབས་གསུམ་པའི་རྐང་རྩལ་སྤོ་ལོ་འགྲན་སྡུར་བདེ་ལེགས་དང་རྒྱལ་ཁའི་ངང་མཇུག་སྒྲིལ་བར་ཡིད་ཆེས་རྨ་མེད་པ་ཡོད་དོ།།


འབྲེལ་ཡོད་འོས་སྦྱོར།