logo

སི་ཁྲོན་དཀར་མཛེས་ཁུལ་གྱི་འབའ་གཞས་སློབ་གྲྭའི་སློབ་གསེང་ལུས་རྩལ་དུ་སྤྱད་པ།

རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2012-03-27 ཀློག་གྲངས།:


          ཟླ3པཟི་ཚེས22ཉིན། དཀར་མཛེས་ཁུལ་འབའ་ཐང་སློབ་འབྲིང་གི་ལུས་རྩལ་ར་བར་དགེ་སློབ་ཡོངས་ཀྱིས་ཁེངས་ཤིང་། སྙན་ཞིང་འཇེབས་པའི་འབའ་གཞས་ཀྱི་འགྱུར་ཁུག་ཁྲོད་ཚང་མའི་གདོང་ལ་འཛུམ་གྱིས་ཁེབས་ནས་བྲོ་གར་འཁྲབ་ཀྱི་ཡོད་པ་རེད།
          རྒྱུས་ལོན་པ་ལྟར་ན།  འབའ་ཐང་དུ་མི་རིགས་རིག་གནས་ཀྱི་གཏིང་ཟབ་ཅིང་འཚོ་བའི་སྲོལ་རྣམ་ཕུན་སུམ་ཚོགས་པ་དང་། འབའ་གཞས་ནི་དེ་ལས་ལྷག་པར་དམངས་ཁྲོད་སྒྱུ་རྩལ་ཁྲོད་ཚབ་བྱེད་རང་བཞིན་གྱི་མཚོན་ཐབས་ཤིག་ཡིན་ལ། འབའ་ཐང་མི་དམངས་ཀྱི་ངལ་རྩོལ་དང་ཤེས་རབ་གསར་སྐྲུན་ལས་བྱུང་བའི་རིག་གནས་སྒྱུ་རྩལ་གྱི་ཉིང་བཅུད་ཡིན།
          འབའ་ཐང་རྫོང་གིས“ལོ་ལྔའི་འཆར་འགོད་བཅུ་གཉིས་པའི”རིག་གནས་འཛུགས་སྐྲུན་གྱི་འཆར་བཀོད་དང་བསྟུན་ཏེ། ན་ནིང་འབའ་གཞས་ལས་གཞིའི་གྲངས་མཛོད་ལེགས་བཅོས་བྱ་བ་ཡོངས་སུ་ལེགས་འགྲུབ་བྱུང་ཞིང་།  མི་རིགས་རིག་གནས་ཀྱི་ཉིང་བཅུད་འདི་རྒྱུན་འཛིན་དང་དར་སྤེལ་བྱེད་རྒྱུ་ཡིན་པ་དང་། རྫོང་རིག་གནས་པུས་རང་འགུལ་སྒོས་རྩ་འཛུགས་མཐུན་སྦྱོར་བྱས་ཏེ་སློབ་འབྲིང་སོགས་དང་འབྲེལ་འདྲིས་སྒོས་འབའ་གཞས་འདི་བདེ་བླག་ངང་སློབ་གྲྭའི་སློབ་གསེང་ལུས་རྩལ་དུ་སྤྱད་པ་རེད། 
          འབའ་གཞས་ཀྱི་སྙན་དབྱངས་འགྱུར་ཁུག་དང་དགེ་སློབ་ཚོའི་གར་གྱི་སྟངས་སྟབས་ལས་སློབ་གྲྭའི་དགེ་སློབ་ཡོངས་ལ་སྤྲོ་བ་རབ་ཏུ་བསྐྱེད་ཅིང་། སློབ་མའི་འཚོ་བ་ཕུན་སུམ་ཚོགས་པར་བྱས་ཏེ་ལུས་སེམས་སྙོམས་སྦྱོར་གྱི་ནུས་པ་གལ་ཆེན་ཐོན་གྱི་ཡོད་པ་དང་། སློབ་སྦྱོང་གི་སྣོན་ཤུགས་སེལ་ཅི་ཐུབ་ཀྱིས་སློབ་མའི་ངལ་གསོ་དང་སློབ་སྦྱོང་མཐུན་སྦྱོར་བྱེད་པའི་དམིགས་ཡུལ་མངོན་འགྱུར་བྱེད།
          མིག་སྔར། སློབ་གྲྭ་འདིས་གཟའ་མིག་དམར་དང་། ཕུར་བུ། སྤེན་པ་བཅས་ཀྱི་སློབ་གསེང་ལུས་རྩལ་ནི་རྒྱང་བསྒྲགས་ལུས་རྩལ་དགུ་བ་ཡིན་པར་གཏན་འཁེལ་བྱས་པ་དང་། གཟའ་ཟླ་བ་དང་། ལྷག་པ། པ་སངས་བཅས་ཀྱི་སློབ་གསེང་ལུས་རྩལ་ལ་འབའ་གཞས་བྲོ་གར་འཁྲབ་པར་གཏན་འཁེལ་གནང་། 


འབྲེལ་ཡོད་འོས་སྦྱོར།