logo

དཔའ་རིས་བོད་རིགས་རང་སྐྱོང་རྫོང་དུ་མཐོ་འབྲིང་གི་སློབ་ཡོན་མི་ལེན་པར་བྱས་པ།

རྩོམ་པ་པོ།:བདེ་ཆེན་མཚོ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2012-03-19 ཀློག་གྲངས།:

  དཔའ་རིས་རྫོང་ནི་རང་རྒྱལ་དུ་བོད་རིགས་འདུས་སྡོད་ས་ཁུལ་དུ་མི་རིགས་ས་ཁུལ་རང་སྐྱོང་ལམ་ལུགས་ལག་བསྟར་བྱས་པའི་རྫོང་ཐོག་མ་ཡིན་པ་དང་། མདོ་དབུས་མཐོ་སྒང་གི་ཤར་མཐའ་རུ་མངའ་ཞིང་། རྫོང་ཡོངས་སུ་མི་གྲངས་ཁྲི21ལྷག་ཡོད་ལ། བོད་རིགས་མི་གྲངས་ཀྱིས31.6%ཟིན་ཡོད་པ་རེད། ད་ལོའི་དཔྱིད་ཀར་སློབ་འགོ་ཚུགས་པ་ནས་བཟུང་དཔའ་རིས་རྫོང་གིས་མཐོ་འབྲིང་རིམ་པར་རིན་མི་དགོས་པའི་སློབ་གསོ་སྤེལ་བ་སྟེ། རྫོང་ནོར་སྲིད་ཀྱིས་ལོ་རེར་སྒོར་ཁྲི1100ལྷག་ཁ་གསབ་བྱས་ནས་རྫོང་ཡོངས་ཀྱི་སློབ་མ5600ལྷག་གི་སློབ་ཡོན་དང་། སྡོད་གླ། དཔེ་དེབ་ཀྱི་རིན་བཅས་མི་ལེན་པར་བྱས། དེར་མ་ཟད་ལོ་རེར་བཅའ་སྡོད་སློབ་མ་རེར་སྒོར1000གི་འཚོ་བའི་འགྲོ་གྲོན་ཁ་གསབ་བྱེད་རྒྱུ་རེད།
  རྒྱུས་ལོན་བྱུང་བ་ལྟར་ན་དཔའ་རིས་མི་རིགས་སློབ་འབྲིང་དུ་མཐོ་འབྲིང་སློབ་མ461ཡོད་པ་ལས་མང་ཆེ་ཤས་བོད་རིགས་ཡིན་ལ། སློབ་མ་མང་པོ་ཞིག་རོང་འབྲོག་ཁུལ་ནས་ཡོང་བ་ཡིན་པས་ཁོང་ཚོར་མཚོན་ན་མཐོ་འབྲིང་གི་སློབ་ཡོན་ནི་འགན་ཁུར་ལྕི་མོ་ཞིག་ཡིན། དེ་བས་རིན་མི་དགོས་པའི་སློབ་གསོ་སྤེལ་བ་ནི་ལོ་རེར་ཁྱིམ་ཚང་རེ་ལ་སྒོར2000ལྷག་གི་ཡོང་སྒོ་འཕར་སྣོན་བྱས་པ་དང་གཉིས་སུ་མ་མཆིས།


འབྲེལ་ཡོད་འོས་སྦྱོར།