logo

ཁྲི་ཀ་རྫོང་གི་དགེ་རྒན་གསར་བའི་སློབ་ཁྲིད་ལ་དཔྱད་འཇོག་བྱས་པ།

རྩོམ་པ་པོ།:སྟག་རིག་འབྲུག་ཐར། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2012-03-16 ཀློག་གྲངས།:


དགེ་རྒན་གསར་རྙིང་གཉིས་མཉམ་དུ་འདུས་ནས་སློབ་ཁྲིད་ལ་དཔྱད་འཇོག་བྱེད་བཞིན་པའི་ཚུལ།

  ད་ལོར་ཁྲི་ཀ་རྫོང་གིས་སློབ་གསོའི་བྱ་བར་ཤུགས་སྣོན་ཆེད་རྫོང་ནང་ཁུལ་ནས་དགེ་རྒན་དགུ་བཅུ་ཙམ་བསྡུས་ཤིང་སློབ་ཁྲིད་དགེ་རྒན་མི་འདང་བའི་ཆ་རྐྱེན་འོག ཁྲི་ཀ་རྫོང་མི་རིགས་བཅའ་སྡོད་སློབ་གྲྭས་རྒྱ་བོད་དབྱིན་གསུམ་དང་རྩིས་དངོས་རྫས་གསུམ་སོགས་སློབ་ཆུང་རིམ་པར་དགེ་རྒན6དང་། སློབ་འབྲིང་རིམ་པར་དགེ་རྒན10བཅས་བསྡོམས་པས་དགེ་རྒན་བཅུ་དྲུག་གསར་ཏུ་བསྡུས།  དེ་དག་གི་ཁྲོད་རབ་འབྱམས་པ་དང་། བཀའ་བཅུ་བ། མཐོ་རིམ་ཆེད་སྦྱོང་ཐོབ་ཐང་ཅན་སོགས་ཡོད་ལ། ཡོད་ཚད་ན་སོ་གཞོན་པས་སློབ་གྲྭའི་དགེ་རྒན་དཔུང་སྡེ་ལ་སྔ་ན་མེད་པའི་གསོན་ཤུགས་ཤིག་བསྩལ་བྱུང་།


དེང་རབས་སྨྱན་མང་གཟུགས་ཀྱི་ལག་ལེན་བརྒྱུད་དེ་སློབ་ཁྲིད་ཀྱི་སྤུས་ཚད་མཐོ་རུ་འདེགས་པ།

  ཟླ3པའི་ཚེས11ནས་བཟུང་ཉིན་གསུམ་གྱི་རིང་ལ་དགེ་རྒན་གསར་བ་དག་གི་སློབ་ཁྲིད་ཀྱི་ཆུ་ཚད་དང་ཉམས་མྱོང་མཐོར་འདེགས་གཏོང་ཆེད་དགེ་རྒན་གསར་བ་རྣམ་པའི་སློབ་ཁྲིད་ལ་ཉན། དགེ་རྒན་གསར་བ་དག་གི་ཐུན་མོང་མ་ཡིན་པའི་ནུས་འཇོན་རེ་རེ་ཉམས་ཞིབ་དང་ཕན་ཚུན་གྱི་ལེགས་ཆ་བསྡུ་ལེན་དང་བརྗེ་རེས་ཀྱི་ཚུལ་དུ་དུས་ཡུན་ཉིན་གསུམ་གྱི་སློབ་ཁྲིད་བྱ་འགུལ་ཁྲོད་སློབ་གྲྭའི་དགེ་རྒན་ཇི་སྙེད་ཅིག་མ་གྲོས་རང་མཐུན་དུ་འདུས་པ་འདིས་དགེ་རྒན་ཕན་ཚུན་གྱི་བསམ་བློ་བརྗེ་རེས་ལ་རྨང་གཞི་གལ་ཆེན་ཞིག་བཏིངས་པ་རེད། ཉིན་རེའི་ཕྱི་དྲོར་སློབ་གྲྭའི་ཚོགས་འདུ་ཁང་དུ་འཚོགས་ཏེ། ཉིན་དེའི་སློབ་ཁྲིད་ཀྱི་གནས་ཚུལ་དང་། ཁྲིད་ཐབས།  བསླབ་འབྲས་གདེང་འཇོག་སོགས་ཀྱི་ཐད་དུ་བགྲོ་གླེང་དང་བསམ་བློ་བརྗེ་རེས་བྱས་ཏེ། དགེ་རྒན་གསར་བའི་བརྩོན་སེམས་དང་བསམ་པའི་འདུ་ཤེས་ལ་སྐུལ་སློང་གང་ལེགས་ཐོབ།  


འབྲེལ་ཡོད་འོས་སྦྱོར།