མགོ་ལོག་ཁུལ《གླིང་གེ་སར་སྒྲུང》གི་དབྱངས་རྟའམ་རྡུང་ལེན་ཟབ་སྦྱོང་འཛིན་གྲྭ་སློབ་མཇུག་སྒྲིལ་བ།
རྩོམ་པ་པོ།:བདེ་ཆེན་མཚོ།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2012-03-14
ཀློག་གྲངས།:
ཉེ་སྔོན་མགོ་ལོག་ཁུལ་གྱི2012ལོའི་སྐབས་དང་པོའི《གླིང་གེ་སར་སྒྲུང》གི་དབྱངས་རྟའམ་རྡུང་ལེན་ཟབ་སྦྱོང་འཛིན་གྲྭ་སློབ་མཇུག་སྒྲིལ་བའི་མཛད་སྒོ་ཁུལ་མང་ཚོགས་སྒྱུ་རྩལ་ཁང་ནས་བསྡུས་པ་རེད། ཟབ་སྦྱོང་ལ་ཞུགས་པའི་སློབ་མ་རྣམས་ཀྱིས་སྙན་ཞིང་འཇེབས་པའི་འགྱུར་ཁུག་དང་བསྡེབས་ནས་རྣ་བའི་གསོས་སུ་འགྱུར་བའི་གླུ་གཞས་སྙན་མོ་ཕུལ་ཏེ་སློབ་སྦྱོང་གི་སྨིན་འབྲས་བརྗོད་པ་རེད།
ཐེངས་འདིའི་ཟབ་སྦྱོང་ནི་ཉིན20རིང་དུ་སྤེལ་ཞིང་། དགའ་སྡེ་དང་། རྨ་ཆེན། དར་ལག གཅིག་སྒྲིལ། པད་མ་བཅས་རྫོང་ཁག་ལྔ་ནས་ཡོང་བའི་བོད་རིགས་སློབ་མ31ཟབ་སྦྱོང་ཁྲོད་ཞུགས། ཁོང་ཚོས་གཙོ་བོ“དབྱངས་རྟགས་དང་། རོལ་ཆས་དཀྲོལ་ཐབས། དབྱངས་རྟ”སོགས་རྨང་གཞིའི་ཤེས་བྱ་ལ་སློབ་སྦྱོང་བྱས་པ་རེད།
འབྲེལ་ཡོད་འོས་སྦྱོར།