logo

གསེར་ཆེན་རྫོང་གི་གསར་བསྡུས་བྱིས་པའི་དགེ་རྒན་དག་པེ་ཅིང་དུ་ལས་སྔོན་གསོ་སྦྱོང་བྱེད་པ།

རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2012-03-13 ཀློག་གྲངས།:


པེ་ཅིང་ཀོའོ་ཁོན་རྒྱལ་སྤྱི་བྱིས་པའི་དགེ་རྒན་གསོ་སྦྱོང་ལྟེ་གནས་དགེ་རྒན་གྱིས་གསོ་སྦྱོང་བྱེད་པའི་ཚུལ།

          གསེར་ཆེན་རྫོང་གི་སློབ་སྔོན་སློབ་གསོ་ཤུགས་སྣོན་དང་འཕེལ་རྒྱས་སུ་གཏོང་བ་དང་།   དགེ་རྒན་གྱི་དཔུང་ཁག་འཛུགས་སྐྲུན་རྒྱ་བསྐྱེད་བྱེད་ཆེད། གསེར་ཆེན་རྫོང་ཨུ་དང་རྫོང་སྲིད་གཞུང་གིས་ཐུགས་ཁུར་ཆེན་པོ་གནང་ཞིང་།   པེ་ཅིང་ཀྲུང་གོའི་རིག་གནས་ཐོན་ལས་དངུལ་འཇོག་མཐུན་ཚོགས་དང་།  ཁྲུན་ཐིན་མཉམ་འབྲེལ(པེ་ཅིང)རྒྱལ་སྤྱིའི་རིག་གནས་འབྲེལ་འདྲིས་ཚད་ཡོད་ཀུན་ཟི།  《ཀྲུང་གོའི་སྒྱུ་རྩལ་བཤམས་སྟོན》ཞེས་པའི་དུས་དེབ་ཚགས་པར་ཁང་སོགས་ཀྱི་རོགས་སྐྱོར་འོག   གསེར་ཆེན་རྫོང་སློབ་གསོ་ཅུས་གསར་དུ་བསྡུས་པའི་བྱིས་པའི་དགེ་རྒན101ལས་དགེ་རྒན21བདམས་ཏེ་པེ་ཅིང་དུ་དུས་ཡུན་ཉིན་བཅུའི་རིང་བྱིས་པའི་དགེ་རྒན་ཐོབ་ཐང་གི་ལས་སྔོན་གསོ་སྦྱོང་བྱས། 


སློབ་གཉེར་བ་དང་རྐང་འཛིན་གསོ་སྦྱོང་དགེ་རྒན་བར་བསམ་བློ་བརྗེ་རེས་བྱེད་པ།

          རོགས་སྐྱོར་ལས་ཁུངས་ཀྱིས་པེ་ཅིང་ཀོའོ་ཁོན་རྒྱལ་སྤྱི་བྱིས་པའི་དགེ་རྒན་གསོ་སྦྱོང་ལྟེ་གནས་ཀྱི་རྔ་འཛིན་དགེ་རྒན་གདན་འདྲེན་ཞུས་ཏེ་བྱིས་པའི་དགེ་རྒན་གྱི་བསམ་བློའི་ཀུན་སྤྱོད་དང་།  དགེ་རྒན་གྱི་རྒྱུན་ལས་བྱ་བ།  བྱིས་པའི་སེམས་ཁམས།  བྱིས་པའི་དགེ་རྒན་གྱི་ནུས་རྩལ་སོགས་ཀྱི་ཐད་ནས་གསོ་སྦྱོང་བྱས་པ་མ་ཟད།  ཀོའོ་ཁོན་སློབ་གསོའི་བྱིས་པའི་གླིང་དུ་གཟིགས་ཞིབ་གནང་ལ།  གཟིགས་ཞིབ་བྱེད་པའི་དུས་སྐབས་སུ་ཁོ་ཚོར་ཚོད་ལྟའི་སློབ་ཁྲིད་བྱེད་དུ་བཅུག་སྟེ་མྱོང་ཚོར་མི་དམན་པ་བླངས། 
          ཐེངས་འདིའི་གསོ་སྦྱོང་བྱས་ཚར་རྗེས། པེ་ཅིང་རོགས་སྐྱོར་ལས་ཁུངས་དག་གིས་གསོ་སྦྱོང་སློབ་གཉེར་བ་རྣམས་ལ་རྒྱུགས་ལེན་གྱི་གོ་རིམ་ནན་མོར་བརྒྱུད་གསོ་སྦྱོང་མཇུག་སྒྲིལ་བའི་དཔང་ཡིག་སྤྲོད་པ་རེད།


འབྲེལ་ཡོད་འོས་སྦྱོར།