logo

མཚོ་སྔོན་མི་རིགས་སློབ་ཆེན་གྱི་སློབ་གསོའི་རམ་འདེགས་བྱ་འགུལ་མཇུག་སྒྲིལ་བ།

རྩོམ་པ་པོ།:བདེ་ཆེན་མཚོ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2012-03-10 ཀློག་གྲངས།:


གཞི་རིམ་སློབ་གསོ་རོགས་སྐྱོར་ཚོགས་པའི་ཁོངས་མི་དང་སློབ་མ་རྣམས་མཉམ་དུ་པར་སྐྱོན་པ།

            མཚོ་སྔོན་མི་རིགས་སློབ་ཆེན་བོད་རིག་པའི་སློབ་གླིང་གཞི་རིམ་སློབ་གསོ་རོགས་སྐྱོར་ཚོགས་པས་དགུན་གནང་གི་དུས་སུ་སློབ་གསོའི་རམ་འདེགས་གནང་བའི་བྱ་འགུལ་མཇུག་རྫོགས་པ་རེད། ཟླ2པར་རོགས་སྐྱོར་ཚོགས་པས་སློབ་ཆེན་སློབ་མ45རྩ་འཛུགས་བྱས་ཏེ་གཞོང་ཐང་དང་། དཔའ་ལུང་། གྲོ་ཚང་སོགས་ཀྱི་གྲོང་སྡེ80ཡི་སློབ་མ224ལ་ཟླ་གཅིག་རིང་དུ་སློབ་རིན་མི་ལེན་པར་སློབ་གསོའི་རམ་འདེགས་གནང་བའི་བྱ་འགུལ་སྤེལ་བ་སྟེ། གཙོ་བོ་བོད་སྐད་ཀྱི་སྐད་གདངས་དང་། བོད་སྐད་ཡིག  དབྱིན་ཡིག  ཞབས་བྲོ་དང་གླུ་གཞས། རི་མོ། རྩིས་འཁོར་སོགས་ཁྲིད་ཅིང་། ས་གནས་སོ་སོའི་སྡེ་དམངས་དང་སློབ་མ་རྣམས་ཀྱི་ཁས་ལེན་དང་གདེང་འཇོག་མཐོན་པོ་ཐོབ་པ་རེད། 


རོགས་སྐྱོར་བྱ་ཡུལ་དུ་སློབ་ཁྲིད་བྱེད་བཞིན་པའི་ཟུར་ཞིག

              སློབ་ཆེན་སློབ་མའི་གཞི་རིམ་རོགས་སྐྱོར་ཚོགས་པ་ནི2010ལོར་མཚོ་སྔོན་མི་རིགས་སློབ་ཆེན་གྱི་ཆོག་མཆན་འོག་རང་འགུལ་གྱིས་སྤེལ་བའི་ཁེ་སྤོགས་རང་བཞིན་མ་ཡིན་པའི་སློབ་མའི་རྩ་འཛུགས་ཤིག་ཡིན་ཞིང་། མིག་སྔའི་བར་དུ་ཚོགས་པར་ཁོངས་མི250ཡོད་པ་དང་། སློབ་སྟོན་དགེ་རྒན་འཇིགས་མེད་ཀྱི་འགོ་ཁྲིད་འོག་སློབ་གྲྭའི་ཕྱི་ནང་དུ་རིག་གནས་བྱ་འགུལ་དང་ལག་ལེན་བྱ་འགུལ་སྤེལ་བཞིན་ཡོད་པ་རེད།
              ཚོགས་པ་འདི་བཙུགས་པ་ནས་བཟུང་། མཚོ་སྔོན་མི་རིགས་སློབ་ཆེན་གྱི་སྐབས་དང་པོའི་སློབ་ཆེན་སློབ་མའི་བགྲོ་གླེང་ཚོགས་འདུ་དང་ཟི་ལིང་གྲོང་ཁྱེར་དུ་མངའ་བའི་སློབ་གྲྭ་སོ་སོའི་སློབ་ཆེན་སློབ་མའི་རྩོམ་རིག་ཚོགས་འདུ་སོགས་བསྡུས་པར་མ་ཟད། 2010ལོའི་དགུན་གནང་གི་དུས་སུ་དང་བླངས་བ50ལྷག་བསྡུས་ནས་དཔའ་ལུང་ས་ཁུལ་དུ་ཉིན20རིང་གི་སློབ་གསོའི་གཞོགས་འདེགས་ལག་ལེན་བྱ་འགུལ་སྤེལ་བ་དང་མཉམ་དུ། རང་འགུལ་གྱིས་ཞལ་འདེབས་ཕུལ་ནས་བློ་འབྱེད་དཔེ་དེབ600ལྷག་ཉོས་ནས་ཞང་སྡེ་སོ་སོར་གནང་བ་རེད།
              2010ལོར་རོགས་སྐྱོར་ཚོགས་པས་མཚོ་སྔོན་མི་རིགས་སློབ་ཆེན་དུ་ཨ་མདོའི་གྲོང་སྐད་དང་དབུས་གཙང་གྲོང་སྐད་ཀྱི་གསོ་སྦྱོང་འཛིན་གྲྭ་བསྡུས་ནས་བོད་སྐད་ཁྲོད་ཡུལ་སྐད་ཀྱི་ཁྱད་པར་ལས་བྱུང་བའི་ཕན་ཚུན་གོ་བརྡ་འཕྲོད་དཀའ་བ་སོགས་ཀྱི་གནད་དོན་ཐག་གཅོད་བྱས་པས་བོད་རིག་པ་ཞིབ་འཇུག་གླིང་གི་དགེ་རྒན་རྣམས་ཀྱི་གདེང་འཇོག་མཐོན་པོ་ཐོབ། དེར་མ་ཟད་བོད་རིག་པ་ཞིབ་འཇུག་གླིང་གི་སྐབས་དང་པོའི་བོད་རྒྱའི་ཐ་སྙད་གསར་བ་ལོ་ཙཱ་བྱེད་པའི་བགྲོ་གླེང་ཚོགས་འདུ་བསྡུས། 2011ལོར་སློབ་གྲྭའི་ནང་དུ་སྐབས་དང་པོའི་སློབ་ཆེན་སློབ་མའི་གཞི་རིམ་སློབ་གསོ་རོགས་སྐྱོར་ཚོགས་པའི་སློབ་གསོའི་གླེང་སྟེགས་སྤེལ་ཞིང་། དེའི་སྟེང་སློབ་གྲྭ་སོ་སོའི་དགེ་སློབ600ལྷག་ཞུགས་པ་དང་། མཚོ་སྔོན་དགེ་ཐོན་སློབ་ཆེན་དང་མཚོ་སྔོན་མི་རིགས་སློབ་ཆེན་གྱི་གཏམ་བཤད་པ15ལྷག་གིས་གཞི་རིམ་གྱི་སློབ་གསོའི་གནས་ཚུལ་དང་འབྲེལ་ནས་སོ་སོའི་ལྟ་བ་བཏོན་པས་སློབ་གྲྭ་དང་སྤྱི་ཚོགས་སྟེང་ཀུན་གྱིས་བསྟོད་པའི་མེ་ཏོག་གཏོར་བ་རེད།


འབྲེལ་ཡོད་འོས་སྦྱོར།