ཁྲི་ཀ་རྫོང་མི་རིགས་བཅའ་སྡོད་སློབ་གྲྭའི་སློབ་འགོ་ཚུགས་པ།
སློབ་འགོ་ཚུགས་པ།
སློབ་འགོའི་ལས་ཀ་དང་འགན་ཁུར་ཡོངས་བདེ་བླག་ངང་སྤེལ་བའི་ཆེད་དུ་ཁྲི་ཀ་རྫོང་མི་རིགས་བཅའ་སྡོད་སློབ་གྲྭའི་སློབ་གསོའི་ལས་དོན་ཚོགས་པས་སློབ་འགོ་མ་ཚུགས་གོང་ནས་སློབ་གྲྭའི་ལས་དོན་སྣ་ཚོགས་ལ་བྲེལ་བ་སྟེ། ཚོགས་འདུ་ཐེངས་མང་པོར་ཚོགས་ནས་གོང་རིམ་གྱི་འབྲེལ་ཡོད་ཚོགས་འདུ་དང་ཡིག་ཆའི་དགོངས་སྙིང་ལ་སློབ་སྦྱོང་དང་། ཚན་ཁག་ལྟར་འབྲེལ་ཡོད་ཀྱི་ལས་ཀ་བཀོད་སྒྲིག་བྱས་ཏེ་སློབ་འགོ་ཚུགས་པར་གྲ་སྒྲིག་བྱས། དེར་མ་ཟད་ཕྱོགས་བསྡུས་ལེགས་བཅོས་བདེ་སྲུང་ཚན་ཆུང་གིས་སློབ་རའི་མཐའ་འཁོར་དང་། སློབ་ཁང་སོ་སོ། གཞུང་ལས་ཁང་། སློབ་མའི་མལ་ཁང་། ཟ་ཁང་། སློབ་གྲྭའི་ཁོར་ཡུག་སོགས་སུ་གཙང་སྦྲ་དང་བདེ་འཇགས་ཀྱི་གནས་ཚུལ་རྟོག་ཞིབ་དང་ཐག་གཅོད་བྱས་པ་རེད།
ཟླ3པའི་ཚེས1ཉིན་ནས་ཚེས3ཉིན་བར་དུ། ཁྲི་ཀ་རྫོང་མི་རིགས་བཅའ་སྡོད་སློབ་གྲྭའི་སློབ་གྲོགས་ཚོས་ཐོག་མར་དམའ་འབྲིང་རིམ་པ་དང་དེ་ནས་སློབ་ཆུང་རིམ་པ་བཅས་ཉིན་གསུམ་རིང་དུ་རིམ་པ་ལྟར་མིང་ཐོ་བཀོད་ཅིང་། དེའི་རྗེས་དགེ་སློབ་རྣམས་ལ་དཔེ་དེབ་དང་སློབ་ཁྲིད་ཀྱི་མཁོ་ཆས་སོགས་གནང་ནས་བདེ་བླག་ངང་སློབ་འགོ་ཚུགས་པ་རེད།
མིང་ཐོ་འགོད་བཞིན་པ།
དགེ་རྒན་རྣམས་ཀྱིས་སློབ་དེབ་བགོ་བཞིན་པ།
ལོ་གསར་བའི་ནང་དུ་སློབ་གཙོ་བསོད་ནམས་རྡོ་རྗེའི་ཡང་དག་པའི་འགོ་ཁྲིད་འོག་སློབ་གྲྭའི་དགེ་སློབ་ཡོངས་ཀྱིས་ཕྱར་བ་གྲུ་འདེགས་དང་རྡོག་རྩ་གཅིག་སྒྲིལ་སྒོས་ཧུར་ཐག་བྱས་ནས་སྔར་ལས་འོད་སྟོང་འབར་བའི་མདུན་ལྗོངས་ཤིག་བསྐྲུན་པར་ཡིད་ཆེས་བརྟན་མོ་ཡོད།