མཚོ་ལྷོ་ཁུལ་གྱིས་ཁུལ་ཡོངས་སློབ་གྲྭའི་བདེ་འཇགས་དོ་དམ་བྱ་བའི་བརྙན་ཟློས་ཚོགས་འདུ་བསྡུས་པ།

མཚོ་ལྷོ་ཁུལ་གྱིས་ཁུལ་ཡོངས་སློབ་གྲྭའི་བདེ་འཇགས་དོ་དམ་བྱ་བའི་བརྙན་ཟློས་ཚོགས་འདུ་བསྡུས་པ།
ཟླ3པའི་ཚེས1ཉིན། མཚོ་ལྷོ་ཁུལ་གྱིས་ཁུལ་ཡོངས་སློབ་གྲྭའི་བདེ་འཇགས་དོ་དམ་བྱ་བའི་བརྙན་ཟློས་ཚོགས་འདུ་བསྡུས་ཤིང་། ཁུལ་སྲིད་གཞུང་གི་ཁུལ་དཔོན་གཞོན་པ་དང་། ཁུལ་ཨུ་སློབ་གསོ་བྱ་བའི་ཨུ་ཡོན་ལྷན་ཚོགས་ཀྱི་ཧྲུའུ་ཅི་གཞོན་པ་ཐོག་མ་ཚེ་རིང་ཐར་སོགས་འགོ་ཁྲིད་རྣམས་ཚོགས་འདུར་ཞུགས་ཏེ་གཏམ་བཤད་གལ་ཆེན་གནང་། ཁུལ་ཨུ་སློབ་གསོ་བྱ་བའི་ཨུ་ཡོན་ལྷན་ཚོགས་ཀྱི་ཨུ་ཡོན་ལས་ཁུངས་སོ་སོ་དང་། ཁུལ་ནོར་སྲིད་ཅུའུ། ཁུལ་རྩིས་བཤེར་ཅུའུ། ཁུལ་མེ་འགོག་རུ་ཁག ཁུལ་འགྲིམ་འགྲུལ་སྐོར་སྲུང་རུ་ཁག་སོགས་ཀྱི་འབྲེལ་ཡོད་འགན་ཁུར་མི་སྣ་ཚོགས་འདུར་ཞུགས་ཡོད་པ་དང་། ཁུལ་གཏོགས་སློབ་གྲྭའི་འབྲིང་རིམ་ཡན་གྱི་འགོ་ཁྲིད་པ་དང་འཛིན་བདག རྫོང་སོ་སོའི་རྫོང་ཨུ་སློབ་གསོ་བྱ་བའི་ཨུ་ཡོན་ལྷན་ཚོགས་ཀྱི་ལས་ཁུངས་སོ་སོ། རྫོང་གཏོགས་སློབ་གྲྭ་སོ་སོའི་འབྲིང་རིམ་ཡན་གྱི་འགོ་ཁྲིད་པ། དེ་མིན་འཛིན་བདག་བཅས་བསྡོམས་པས་མི363ལྷག་ཐེངས་འདིའི་ཚོགས་འདུར་ཞུགས་ཡོད་པ་རེད།
ཚོགས་ཐོག་ཏུ་ཐོག་མར་ཁུལ་ཨུ་སློབ་གསོ་བྱ་བའི་ཨུ་ཡོན་ལྷན་ཚོགས་ཀྱི《འབྲེལ་ཡོད་སློབ་གྲྭའི་བདེ་འཇགས་དོ་དམ་བྱ་བར་ཤུགས་སྣོན་བྱེད་པའི་བསམ་འཆར》ཞེས་པ་སློབ་སྦྱོང་བྱས་ཏེ་བསམ་འཆར་འགའ་བཏོན་པ་སྟེ། གཅིག བསམ་བློའི་གོ་རྟོགས་མཐོར་འདེགས་སུ་བཏང་ནས་སློབ་གྲྭའི་བདེ་འཇགས་དོ་དམ་བྱ་བའི་རང་རྟོགས་རང་བཞིན་དང་རང་འགུལ་རང་བཞིན་ལ་ཤུགས་སྣོན་པ། གཉིས། གཙོ་ཐོན་འགན་ནུས་ལ་ཤུགས་བསྣན་ཏེ་སློབ་གྲྭའི་ནང་ཁུལ་བདེ་འཇགས་དོ་དམ་བྱ་བ་ལེགས་པོར་སྒྲུབ་པ། གསུམ། སྡེ་ཁག་སོ་སོའི་འགན་འཁྲི་གསལ་སྟོན་སྒོས་སློབ་གྲྭའི་བདེ་འཇགས་ཀྱི་སྤྱི་ཚོགས་ཁོར་ཡུག་བཟང་བོ་བསྐྲུན་པ། བཞི། འགོ་ཁྲིད་རྩ་འཛུགས་ལ་ཤུགས་བསྣན་ཏེ་སློབ་གྲྭའི་བདེ་འཇགས་དོ་དམ་བྱ་བར་སྐུལ་འདེད་གཏོང་བའི་སྒུལ་ཤུགས་ཆེན་པོ་འགྱུར་བར་བརྩོན་པ།

མཚོ་ལྷོ་ཁུལ་སྲིད་གཞུང་གི་ཁུལ་དཔོན་གཞོན་པའམ་ཁུལ་ཨུ་སློབ་གསོ་བྱ་བའི་ཨུ་ཡོན་ལྷན་ཚོགས་
ཀྱི་ཧྲུའུ་ཅི་གཞོན་པ་ཐོག་མ་ཚེ་རིང་ཐར་གྱིས་གཏམ་བཤད་གལ་ཆེན་གནང་བ།
ཁུལ་སྲིད་གཞུང་གི་ཁུལ་དཔོན་གཞོན་པའམ་ཁུལ་ཨུ་སློབ་གསོ་བྱ་བའི་ཨུ་ཡོན་ལྷན་ཚོགས་ཀྱི་ཧྲུའུ་ཅི་གཞོན་པ་ཐོག་མ་ཚེ་རིང་ཐར་གྱིས་ཁུལ་ཡོངས་སློབ་གྲྭའི་བདེ་འཇགས་དོ་དམ་བྱ་བར་བཀོད་འདོན་ལེགས་པོ་གནང་བ་སྟེ། གཅིག རིམ་པ་སོ་སོའི་སྲིད་གཞུང་དང་སློབ་གྲྭ་རིགས་སོ་སོས་རྒྱ་ཆེ་བའི་དགེ་སློབ་ཀྱི་བདེ་འཇགས་བྱ་བར་མཐོང་ཆེན་བྱེད་པ། གཉིས། རིམ་པ་སོ་སོ་དང་རིགས་སོ་སོའི་སློབ་གྲྭས་ལྷུ་ཚིགས་གལ་ཆེན་ནན་གྱིས་བཟུང་སྟེ་ཞིབ་ཕྲའི་སྔོན་འགོག་ལ་མཐོང་ཆེན་བྱེད་པ། གསུམ། རིམ་པ་སོ་སོའི་སྲིད་གཞུང་དང་སྡེ་ཁག་གིས་ཆད་གཅོད་དང་དོ་དམ་མཉམ་འཛིན་དང་། ཕྱི་བཅོས་དང་ནང་བཅོས་ཕན་ཚུན་མཐུན་སྦྱོར་བཅས་བྱས་ནས་ནུས་ཡོད་སྒོས་སློབ་གྲྭའི་བདེ་འཇགས་བྱ་བ་སྒྲུབ་དགོས། བཞི། རིམ་པ་སོ་སོ་དང་རིགས་སོ་སོའི་སློབ་གྲྭས་རྒྱལ་ཁབ་ཀྱི་འདུ་ཤེས་དང་། དྲིན་འཇལ་གྱི་སློབ་གསོ། མཐུན་སྒྲིལ་མཐུན་སྦྱོར་གྱི་སློབ་གསོ་བཅས་སྤེལ་ཏེ། ཏང་གི་འཛུགས་སྐྲུན་དང་ཆབ་སྲིད་བསམ་བློ་བྱ་བར་ཤུགས་སྣོན་དགོས་པ་བཅས་བསྟན།
ཁུལ་ཨུ་སློབ་གསོ་བྱ་བའི་ཨུ་ཡོན་ལྷན་ཚོགས་ཀྱིས《སློབ་གྲྭའི་བདེ་འཇགས་དོ་དམ་ལ་ཤུགས་སྣོན་དགོས་པའི་བསམ་འཆར》དང་། 《མཚོ་ལྷོ་ཁུལ་འབྲིང་ཆུང་སློབ་གྲྭའི"སློབ་རའི་བདེ་འཇགས་དོ་དམ་འཛུགས་སྐྲུན་ལོའི"བྱ་འགུལ་འཆར་བཀོད》སོགས་བཀྲམ་ཏེ་ས་གནས་ཀྱི་སློབ་གྲྭ་སོ་སོས་ཚོགས་འདུའི་དགོངས་དོན་དངོས་འབེབ་ལེགས་པོ་བྱེད་དགོས་པ་བསྟན་ཡོད་དེ། གཅིག ཁུལ་ཡོངས་རིམ་པ་སོ་སོ་དང་རིགས་སོ་སོའི་སློབ་གྲྭའི་སློབ་གཙོས་ཐེངས་འདིའི་ཚོགས་འདུ་ནང་དོན་དགེ་རྒན་རྣམས་ལ་ངེས་པར་དུ་རྒྱུད་སྒྲོག་བྱེད་དགོས་པ་དང་། འཛིན་བདག་གིས་ཚོགས་འདུ་ནང་དོན་རྣམས་སློབ་མར་རྒྱུད་སྒྲོག་བྱེད་པ། དེ་མིན་གོ་སྐབས་དམ་འཛིན་སྒོས་ཁྱིམ་བདག་རྣམས་ལ་སློབ་རའི་བདེ་འཇགས་བྱ་བའི་གལ་ཆེན་རང་བཞིན་ཁྱབ་སྤེལ་བྱེད་པ། གཉིས། ཁུལ་དང་རྫོང་ཨུ་སློབ་གསོ་བྱ་བའི་ཨུ་ཡོན་ལྷན་ཚོགས་སློབ་གསོ་ཅུས་སློབ་གྲྭ་སོ་སོ་དང་བྱིས་པའི་སློབ་གྲྭ་རྣམས་ལ་ལྟ་སྐུལ་སྒོས་བདེ་འཇགས་བྱ་བའི་སྔོན་འགོག་ཐབས་ཇུས་སྐྲུན་པ་དང་། བདེ་འཇགས་བྱ་བའི་འགོ་ཁྲིད་ཚན་ཆུང་འཛུགས་པ། རྩ་འཛུགས་ལས་ཁུངས་འཛུགས་སྐྲུན་དང་ལེགས་བཅོས་བྱེད་པ། གསུམ། བདེ་འཇགས་ཐད་ཀྱི་ཆ་འཕྲིན་རིགས་གང་རུང་མྱུར་དུ་ཡར་ཞུ་བྱེད་པ། བཞི། རྫོང་སོ་སོའི་སློབ་གྲྭ་རྣམས་ཀྱིས་ངེས་པར་དུ་ཁུལ་དཔོན་ཚེ་རིང་ཐར་ལགས་ཀྱི་དགོངས་ཚུལ་ལྟར། 《སློབ་རའི་བདེ་འཇགས་དཔེ་སྟོན་ལེགས་འདེམས》མགྱོགས་མྱུར་ངང་འཛིན་བདག་རྣམས་ལ་གནང་སྟེ་སློབ་སྦྱོང་བྱེད་པ། ལྔ། རྫོང་སོ་སོས་མགྱོགས་མྱུར་ངང་སློབ་གསོ་བྱ་བའི་ཨུ་ཡོན་ལྷན་ཚོགས་དང་ཏང་ཨུ་གཞུང་ལས་ཁང་འཛུགས་པ་དང་། སློབ་གྲྭ་སོ་སོས་ཁུལ་ཨུའི《འབྲིང་ཆུང་སློབ་གྲྭའི་ཏང་འཛུགས་དང་ཆབ་སྲིད་བསམ་བློ་བྱ་བར་ཤུགས་སྣོན་དང་ལེགས་བཅོས་ཀྱི་བསམ་འཆར》ལྟར་ཕྱོགས་ཡོངས་ནས་སློབ་གྲྭའི་ཏང་འཛུགས་དང་ཆབ་སྲིད་བསམ་བློ་བྱ་བར་ཤུགས་སྣོན་དགོས་ཤིང་། ཏང་འཛུགས་དང་ཆབ་སྲིད་བསམ་བློ་བྱ་བར་ཤུགས་སྣོན་པའི་ཞིབ་ཕྲའི་ཐབས་ཇུས་གཏན་འཁེལ་བྱེད་དགོས་པ་བསྟན།
