logo

གསེར་ཆེན་རྫོང་རོང་འབྲོག་ཁུལ་གྱི་འོས་འགན་སློབ་གསོ་སློབ་མའི་འཚོ་བཅུད་ལེགས་བཅོས་བྱ་རྒྱུ་ཡིན་པ།

རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2012-02-23 ཀློག་གྲངས།:
          ཉེ་ལམ།  གསེར་ཆེན་རྫོང་རོང་འབྲོག་ཁུལ་གྱི་འོས་འགན་སློབ་གསོ་སློབ་མའི་འཚོ་བ་ལེགས་བཅོས་ཚོད་ལྟའི་གནས་གཞི་བྱ་བའི་ཇུས་འགོད་དངོས་འབེབ་བྱས་ཟིན་པ་མ་ཟད།  ལས་གཞི་འདིས་རོང་འབྲོག་ཁུལ་འོས་འགན་སློབ་གསོ་སློབ་གྲྭས་སློབ་མ་རེར་ཉིན་རེར་སྒོར3གྱི(ལོ་ཡོངས་སློབ་མ་སློབ་གྲྭ་སྡོད་པའི་ཉིན200ལྟར་རྩིས་པ) ཚད་གཞི་ལྟར།  ཉིན་གུང་སྐབས་སུ་སློབ་མར་སྒོ་ང་དང་།  འོ་མ།  ཤ   སྔོ་ཚོད།  སིལ་ཏོག   མར།  རྩམ་པ།  འོ་མའི་ཐོན་རྫས་རིགས།  ཞོ་སོགས་བཅུད་ལྡན་ཟས་རིགས་རྣམས་མཁོ་སྤྲོད་བྱེད་ཅིང་།  འགྲོ་སོང་ཡོངས་ཀྲུང་དབྱང་ནོར་སྲིད་ཀྱིས་འགན་བླངས་བ་དང་།  ད་ལྟ་འདི་འབྲེལ་བྱ་ལས་ལ་བྲེལ་བའི་སྒང་ཡིན།  
          ཐེངས་འདིའི་སློབ་མའི་འཚོ་བཅུད་ལེགས་བཅོས་འཆར་འགོད་རོགས་དངུལ་ཁྱབ་ཁུངས་སུ་རྫོང་ཡོངས་རོང་འབྲོག་ཁུལ་གྱི་བཅའ་སྡོད་སློབ་གྲྭ14(འབའ་ཁ་ཐའེ་དང་མཚོ་ཤར་ཕྱུགས་རྒྱུད་ར་བ་བཅས་ཕྱུགས་རའི་སློབ་ཆུང་གཉིས་ཀྱང་འདུས)དང་སློབ་མ5972འདུས་ཤིང་།  དེའི་ཁྲོད་རིག་སྨོན་གྲོང་རྡལ་མི་རིགས་བཅའ་སྡོད་སློབ་ཆུང་གི་སློབ་མ1223(ཕྱུགས་རའི་སློབ་ཆུང་གཉིས་ཀྱང་འདུས)དང་།  ཅང་སི་ཡུལ་ཚོའི་མི་རིགས་བཅའ་སྡོད་སློབ་ཆུང་གི་སློབ་མ447།  རྟ་ནག་མ་ཡུལ་ཚོའི་མི་རིགས་བཅའ་སྡོད་སློབ་ཆུང་གི་སློབ་མ531།  ཆོས་རྗེ་ཡུལ་ཚོའི་མི་རིགས་བཅའ་སྡོད་སློབ་ཆུང་གི་སློབ་མ562།  ཐང་སྐར་མ་གྲོང་རྡལ་གྱི་མི་རིགས་བཅའ་སྡོད་སློབ་ཆུང་གི་སློབ་མ702། ཐེ་གེ་ཡུལ་ཚོའི་མི་རིགས་བཅའ་སྡོད་སློབ་ཆུང་གི་སློབ་མ226།  ས་གྲུ་བཞི་ཡུལ་ཚོའི་མི་རིགས་བཅའ་སྡོད་སློབ་ཆུང་གི་སློབ་མ218།  ཚལ་རྔ་འགག་གྲོང་རྡལ་གྱི་མི་རིགས་བཅའ་སྡོད་སློབ་ཆུང་གི་སློབ་མ222།  སྤྲེའུ་ནག་ཡུལ་ཚོའི་མི་རིགས་བཅའ་སྡོད་སློབ་ཆུང་གི་སློབ་མ402།  ཨར་སྟི་ཡུལ་ཚོའི་མི་རིགས་བཅའ་སྡོད་སློབ་ཆུང་གི་སློབ་མ225།  ཡུན་དར་ཡུལ་ཚོའི་མི་རིགས་བཅའ་སྡོད་སློབ་ཆུང་གི་སློབ་མ450།  མཚོ་སྐོར་མི་རིགས་བཅའ་སྡོད་སློབ་ཆུང་གི་སློབ་མ764བཅས་ཡིན་པ་རེད། 


འབྲེལ་ཡོད་འོས་སྦྱོར།