རིག་གནས་ཆེད་སྒྲིག་དཔེ་དེབ《དག་པའི་ཞིང་ཁམས—མཐོ་སྒང་གི་མཚོ་ལྷོ》འགྲེམ་སྤེལ་བྱས་པ།
རིག་གནས་ཆེད་སྒྲིག་དཔེ་དེབ《དག་པའི་ཞིང་ཁམས—མཐོ་སྒང་གི་མཚོ་ལྷོ》།
ཉེ་སྔོན། ཆབ་འགག་རྡོ་རྗེ་ཚེ་རིང་ལགས་ཀྱིས་རྩོམ་སྒྲིག་བྱས་ཤིང་རྡོ་སྦིས་རྡོ་རྗེ་ལགས་ཀྱིས་ཇུས་འགོད་བྱས་པའི་མཛེས་རིས་དང་ཡི་གེ་སྤེལ་མའི་རིག་གནས་ཆེད་སྒྲིག་དཔེ་དེབ《དག་པའི་ཞིང་ཁམས—མཐོ་སྒང་གི་མཚོ་ལྷོ》ཞེས་པ་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་པར་སྐྲུན་འགྲེམ་སྤེལ་བྱས་པ་རེད།
དཔེ་དེབ་འདིའི་ཁྲོད་ཅི་ཏེ་མ་ཅཱ་དང་། སྐལ་བཟང་རྡོ་རྗེ། ཞའེ་ཙཱོ། ཝང་ཝུན་ལུའུ། མེ་སྒྲོན། ལུང་རིན་ཆེན། གཅོད་པ་དོན་གྲུབ། ཆབ་འགག་རྡོ་རྗེ་ཚེ་རིང་། བསོད་ནམས་རྡོ་རྗེ་སོགས་རྩོམ་པ་པོ་དང་སྙན་ངག་པ་གྲགས་ཅན་རྣམས་ཀྱིས་མཛད་པའི་བརྩམས་ཆོས་ཕུལ་དུ་བྱུང་བ་འདུས།
《དག་པའི་ཞིང་ཁམས—མཐོ་སྒང་གི་མཚོ་ལྷོ》ཞེས་པའི་དཔེ་དེབ་འདི་རྩོམ་པའི་བརྒྱུད་རིམ་ཁྲོད་ཞུགས་པའི་རྩོམ་མཁན་རྣམས་ཀྱིས་རིག་གནས་ཞིབ་འཇུག་པའི་ངོས་མཐའ་ནས་རྩོམ་རིག་པའི་ཕྲ་ཞིང་ཞིབ་པའི་འབྲི་ཐབས་དང་གཏིང་ཟབ་ཀྱི་རིགས་ལམ་ལ་བརྟེན་ནས་མཚོ་ལྷོའི་ཡུལ་གྱི་ཁྱད་དུ་འཕགས་པའི་ཕྱིའི་གནོད་བཅུད་དང་། ཐུན་མོང་མ་ཡིན་པའི་དམངས་སྲོལ་གོམས་གཤིས། གྱ་ནོམ་པའི་ལོ་རྒྱུས་རིག་གནས། རྨད་དུ་བྱུང་བའི་ཁྲི་ཤོག་རྒྱལ་མོ། རང་བྱུང་གི་བཀོད་པ་ཀུན་ལས་ལྷག་པའི་ཁྲི་ཀ། སྐྱེ་ཁམས་གནས་སྐོར་གྱི་གནས་མཆོག་མང་རྫོང་། རྫོང་རིའི་རིག་གནས་ཀྱི་ཕ་ས་འབའ་རྫོང་། མཚོ་སྔོན་པོའི་ལྷོ་ཕྱོགས་ཀྱི་གསེར་ཆེན་རྫོང་། གཙང་གསུམ་འབྱུང་ཡུལ་གྱི་བརླན་སའི་སྤྱི་གླིང་བྲག་དཀར་རྫོང་བཅས་མཚོ་ལྷོའི་རིག་གནས་མཚོན་རྟགས་གསལ་ལེར་བསྐྲུན་ཞིང་མཚོ་ལྷོའི་ཁྱད་ཆོས་ལྡན་པའི་མི་རིགས་རིག་གནས་ཀྱི་རྣམ་པ་ཀུན་གྱི་མཐོང་ལམ་དུ་མངོན།
《དག་པའི་ཞིང་ཁམས—མཐོ་སྒང་གི་མཚོ་ལྷོ》ཞེས་པའི་དཔེ་དེབ་འགྲེམ་སྤེལ་བྱས་པ་ནི་མཚོ་ལྷོའི་ཡུལ་གྱི་རིག་གནས་བྱ་གཞག་གི་རླབས་ཆེ་བའི་དོན་ཆེན་ཞིག་ཡིན་ཞིང་། མཚོ་ལྷོའི་རིག་གནས་ཀྱི་ཐུན་མོང་མ་ཡིན་པའི་གཟི་དཔལ་མངོན་ཐུབ་པ་བྱུང་ལ། མཚོ་ལྷོའི་རིག་གནས་ཀྱི་མཚོན་རྟགས་ཕན་ནུས་མཐོར་འདེགས་བྱས་པ་རེད།