logo

རྩོམ་པ་པོ་ཕུན་ཚོགས་བཀྲ་ཤིས་ཀྱི《བོད་ཡུལ་གྱི་རྨི་ལམ་སྙེགས་མཁན》ཞེས་པའི་ཤན་སྦྱར་དཔེ་ཆ་བཀྲམ་ཡོད་པ།

རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2012-01-18 ཀློག་གྲངས།:

          ཉེ་ལམ།  བོད་ལྗོངས་ཀྱི་མིང་གྲགས་རྩོམ་པ་པོ་ཕུན་ཚོགས་བཀྲ་ཤིས་ཀྱི《བོད་ཡུལ་གྱི་རྨི་ལམ་སྙེགས་མཁན།   ཐུབ་བསྟན་གྱི་ངོ་མཚར་མི་ཚེ》ཞེས་པའི་བོད་རྒྱ་ཤན་སྦྱར་དཔེ་ཆ་དེ་བོད་ལྗོངས་བོད་ཡིག་གནའ་དཔེ་དཔེ་སྐྲུན་ཁང་གིས་པར་སྐྲུན་འགྲེམ་སྤེལ་བྱས་ཤིང་།  འདི་ནི་བོད་ལྗོངས་ཀྱི་ཐོག་དང་པོའི་བོད་རྒྱ་ཤན་སྦྱར་དཔེ་ཆ་ལྷན་གྱིས་པར་སྐྲུན་གནང་བའི་སྙན་ཞུའི་རྩོམ་རིག་བརྩམས་ཆོས་ཞིག་ཡིན།
          ཐུབ་བསྟན་ནི་བོད་ལྗོངས་ཀྱི་མིང་དུ་གྲགས་པའི་སྙན་དབྱངས་སྒྱུ་རྩལ་པ་ཞིག་ཡིན་ཞིང་།  ཐོག་དང་པོར་བོད་ཀྱི་ལོ་རྒྱུས་སྙན་རྩོམ《གེ་སར》ཞེས་པའི་སྒྲུང་བཤད་སྒྱུ་རྩལ་གར་སྟེགས་སྟེང་དྲངས་པ་དང་། ཁོ་རང་སྒྱུ་རྩལ་གྱི་ལམ་བུར་བརྒྱུད་དེ་ཨ་རི་དང་ཁ་ན་ཏ་སོགས་རྒྱལ་ཁབ་སོགས་སུ་བོད་ལྗོངས་ཀྱི་གར་སྟེགས་སྒྱུ་རྩལ་ཐད་རང་ཉིད་ཀྱི་བྱས་རྗེས་ཅུང་ཙམ་བཞག་ཡོད་པ་རེད།


འབྲེལ་ཡོད་འོས་སྦྱོར།