མཚོ་སྔོན་གྱི་སློབ་གྲྭ13ཀྲུང་ཧྭའི་ཕུལ་བྱུང་རིག་གནས་སྒྱུ་རྩལ་རྒྱུན་འཛིན་སློབ་གྲྭའི་ནང་ཚུད་པ།
ཉེ་ལམ། སློབ་གསོ་པུའུ་ཡིས་རྒྱལ་ཡོངས་ཀྱི་སྐོར་དང་པོའི་སློབ་གྲྭ་ཆུང་འབྲིང་གི་ཀྲུང་ཧྭའི་ཕུལ་བྱུང་རིག་གནས་སྒྱུ་རྩལ་རྒྱུན་འཛིན་སློབ་གྲྭ་དཔྱད་འདེམས་བྱས་པ་དང་། མཚོ་སྔོན་ཞིང་ཆེན་གྱི་སློབ་གྲྭ13དེའི་ནང་ཚུད།
རྒྱུས་ལོན་པ་ལྟར་ན། མཚོ་སྔོན་ཞིང་ཆེན་གྱི་སྐོར་དང་པོའི་རྒྱལ་ཡོངས་ཀྱི་སློབ་གྲྭ་ཆུང་འབྲིང་གི་ཀྲུང་ཧྭའི་ཕུལ་བྱུང་རིག་གནས་སྒྱུ་རྩལ་རྒྱུན་འཛིན་སློབ་གྲྭ་ནི་མཚོ་སྔོན་དགེ་ཐོན་སློབ་ཆེན་ཁོངས་གཏོགས་སློབ་འབྲིང་དང་ཟི་ལིང་གྲོང་ཁྱེར་སློབ་འབྲིང་དང་པོ། མཚོ་སྔོན་ཧོང་ཁྲོན་སློབ་འབྲིང་གི་ཡན་ལག་སློབ་གྲྭ་དང་པོ། ཧོང་ཀྲུང་རྫོང་སློབ་འབྲིང་དང་པོ། ཟི་ལིང་གྲོང་ཁྱེར་མཁར་ནུབ་ཁུལ་ཅ་ཞའོ་ཀྲོང་སློབ་ཆུང་། ཟི་ལིང་གྲོང་ཁྱེར་མཁར་ཤར་ཁུལ་ཞའོ་ཆོན་སློབ་ཆུང་སོགས་སློབ་གྲྭ་ཆུང་འབྲིང་དང་ལག་རྩལ་ལས་རིགས་སློབ་གྲྭ13ཡོད། མཚོ་སྔོན་སློབ་གསོ་ཐིན་ལུས་རྩལ་འཕྲོད་བསྟེན་སྒྱུ་རྩལ་ཁྲུའུ་ཡི་འགན་འཁུར་མི་སྣས་མཚམས་སྦྱོར་བྱེད་རྒྱུར། ཐེངས་འདིའི་བྱ་འགུལ་གྱི་འཛུགས་སྐྲུན་གཙོ་གནད་ནི་བྱིས་པ་གསོ་སྐྱོང་གི་དམིགས་ཡུལ་ཡིན་ལ། སློབ་གྲྭས་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་སྒྱུ་རྩལ་སློབ་གསོའི་ལག་ལེན་ཁྲོད་ཀྱི་ཉམས་མྱོང་དང་བྱེད་ཐབས་ཁྱབ་གདལ་དུ་བཏང་སྟེ། ཁྱད་ཆོས་མངོན་གསལ་ལྡན་པའི་སློབ་གྲྭའི་བསླབ་ཚན་དང་སྲོལ་རྒྱུན་སྒྱུ་རྩལ་ལས་གཞི་ཆགས་སུ་འཇུག་པ་དང་། ཀྲུང་ཧྭའི་སྲོལ་རྒྱུན་རིག་གནས་སྒྱུ་རྩལ་སློབ་གསོ་དེ་བསམ་བློ་ཀུན་སྤྱོད་གསོ་སྐྱོང་གི་གྲུབ་ཆ་གཙོ་བོར་བཟུང་སྟེ། སློབ་གྲྭའི་སློབ་གསོའི་གོ་རིམ་ཧྲིལ་བོ་དང་སྒྱུ་རྩལ་སློབ་གསོའི་སློབ་ཁྲིད་དང་སློབ་ཕྱིའི་བྱ་འགུལ་ཁྲོད་བཞག་ནས་ཐུན་མོང་གིས་བྱིས་པ་གསོ་སྐྱོང་གི་བྱེད་ནུས་འདོན་སྤེལ་བྱས།