logo

མཚོ་སྔོན་མི་རིགས་སློབ་ཆེན་གྱིས་གཞི་རིམ་སློབ་གསོར་རོགས་སྐྱོར་གནང་བའི་མཛད་སྒོ་བསྡུས་པ།

རྩོམ་པ་པོ།:བདེ་ཆེན་མཚོ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2012-01-06 ཀློག་གྲངས།:


གཞི་རིམ་ས་ཁུལ་དུ་བོད་སྐད་ཡིག་སློབ་ཁྲིད་གནང་བའི་བྱ་བའི་མཛད་སྒོ་བསྡུ་བཞིན་པ།

  ཉེ་སྔོན། མཚོ་སྔོན་མི་རིགས་སློབ་ཆེན་བོད་སྐད་ཡིག་སློབ་གླིང་དུ2012ལོའི་དགུན་གནང་སྐབས་གཞི་རིམ་ས་ཁུལ་དུ་བོད་སྐད་ཡིག་སློབ་ཁྲིད་གནང་བའི་བྱ་བའི་མཛད་སྒོ་བསྡུས་པ་རེད། ཐེངས་འདིའི་བྱ་འགུལ་ནི་མཚོ་སྔོན་མི་རིགས་སློབ་ཆེན་བོད་སྐད་ཡིག་སློབ་གླིང་གིས་གཙོ་སྒྲུབ་བྱས་ཤིང་། གཞི་རིམ་སློབ་གསོ་རོགས་སྐྱོར་ཚོགས་པ་དང་དཔའ་ལུང་སློབ་གསོ་རོགས་སྐྱོར་ཚོགས་པ་གཉིས་ཀྱིས་མཉམ་སྒྲུབ་བྱས་པ་ཡིན།
  ཐེངས་འདིའི་དང་བླངས་བྱ་འགུལ་ཁྲོད་མཚོ་སྔོན་མི་རིགས་སློབ་ཆེན་བོད་སྐད་ཡིག་སྡེ་ཁག་དང་། རྩིས་རིག་སྡེ་ཁག མཚོ་སྔོན་དགེ་ཐོན་སློབ་ཆེན་ཀྱི་སློབ་མ་སོགས་ཞིང་ཆེན་བཞི་ནས་ཡོང་བའི་བོད་རིགས་སློབ་མ107ཡོད་ལ། ཁོ་ཚོས་དཔའ་ལུང་རྫོང་གི་བོད་རིགས་ས་ཁུལ་གཙོ་བྱས་པའི་གཞི་རིམ་གྲོང་སྡེ་རུ་སོང་ནས་སློབ་གསོའི་རོགས་སྐྱོར་གནང་རྒྱུ་རེད། འཆར་གཞི་ལྟར་ན་ལོ་སར་རྗེས་ཀྱི་ཟླ་གཅིག་རིང་དུ་བོད་ཡིག་གཙོར་བྱེད་པ་དང་། དེའི་ཞོར་དུ་ཡིག་རིགས་གཞན་དང་བསླབ་བྱ་གཞན་དག་ཟུར་ཁྲིད་བྱེད་རྒྱུ་རེད།


མཛད་སྒོའི་སྟེང་ཞུགས་པའི་སློབ་གྲོགས་རྣམས།

  སྤྱི་ཚོགས་ལས་རིགས་འགའ་ཞིག་དང་མི་རིགས་ཀྱི་སློབ་གསོའི་ལས་དོན་ལ་བརྩོན་པའི་ཚོགས་པ་དག་གི་རྒྱབ་སྐྱོར་འོག  ཐེངས་འདིའི་དང་བླངས་བྱ་འགུལ་ཁྲོད་ཞུགས་པའི་སློབ་མ་རྣམས་ལ་སྒོར1000གི་འཚོ་བའི་ཁ་གསབ་རོགས་དངུལ་གནང་རྒྱུ་རེད། སློབ་གྲོགས་འདི་དག་གིས་གཞི་རིམ་གྱི་འཚོ་བ་དང་སློབ་སྒྲུབ་ཆ་རྐྱེན་ཞན་པའི་དཀའ་ཁག་ཁྱད་དུ་བསད་ནས་གཞི་རིམ་སློབ་གསོ་ལ་རང་ནུས་ཅི་ལྕོགས་སྒོས་ཞབས་ཞུ་གང་ལེགས་བསྒྲུབ་པ་དང་མཉམ་དུ། སློབ་ཁྲིད་ཀྱི་ལག་ལེན་ཁྲོད་རང་ཉིད་ལ་སྤྱི་ཚོགས་ཀྱི་ཉམས་མྱོང་བཟང་བོ་ཞིག་ཐོབ་ཐུབ་པས་མི་རིགས་སློབ་གསོའི་འཕེལ་རྒྱས་དང་དང་བླངས་སློབ་མའི་སྤྱི་ཚོགས་སྦྱོང་བརྡར་སོགས་ཕྱོགས་ཅི་ཐད་ནས་མཐུན་རྐྱེན་དང་དགེ་མཚན་དོད་པོ་ལྡན་ནོ།།


འབྲེལ་ཡོད་འོས་སྦྱོར།