logo

རྒྱལ་ཐང་ཕན་བདེ་བོད་ཡིག་སྒེར་གཉེར་སློབ་གྲྭ་གསར་བ་བཙུགས་པ།

རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2012-01-04 ཀློག་གྲངས།:


རྒྱལ་ཐང་ཕན་བདེ་བོད་ཡིག་སྒེར་གཉེར་སློབ་གྲྭའི་སློབ་མ་རྣམས།

          གནས་འདིར་ཅུང་ལེགས་པའི་བོད་ཡིག་སློབ་གྲྭ་ཞིག་འཛུགས་པ་དང་།  སློབ་མ་རྣམས་ཀྱི་བོད་ཡིག་སློབ་གསོ་ཇེ་ལེགས་སུ་གཏོང་ཆེད།  རྒྱལ་ཐང་ཕན་བདེ་བོད་ཡིག་སློབ་གྲྭ་གསར་བ་བཙུགས་པ་དང་།  དེར་བོད་ཡིག་ལ་དགའ་ཞེན་ཆེ་བའི་ཨ་ཉིག་ཆེད་དུ་གདན་འདྲེན་ཞུས་ཏེ་སློབ་གྲྭ་འདིའི་སློབ་གཙོ་རུ་བསྐོས་ཤིང་།   བོད་ཡིག་སྦྱང་འདོད་ཆེ་བའི་སློབ་མ་མང་པོ་ཞིག་ས་ཐག་རིང་པོ་ནས་སློབ་གྲྭ་འདིར་ཡོང་སྟེ་སློབ་སྦྱོང་བྱེད་ཀྱི་ཡོད་པ་རེད། 


སློབ་ཁྲིད་བྱེད་བཞིན་པའི་ཚུལ།


ཁྱིམ་བདག་དང་སློབ་མ།

          ཕན་བདེ་བོད་ཡིག་སློབ་གྲྭ་གསར་བ་འདི་སྔར་སེམས་ཀྱི་ཉི་ཟླ་རྫོང་གི་ཝུའུ་ནུའུ་ཞེས་པའི་སྡེ་བའི་སློབ་གྲྭ་རྙིང་བ་ཞིག་འདུག་པ་དེའི་ཤུལ་ཏུ་བཙུགས་པ་ཡིན་ཞིང་།   རྒྱལ་ཐང་གི་སློབ་གྲྭ་གཞན་དང་མཚུངས་པར་གཙོ་ཆེར་དྭ་ཕྲུག་དང་།  དབང་བོ་སྐྱོན་ཅན།  ཆ་རྐྱེན་ཞན་པའི་བྱིས་པ།  དེ་མིན་བོད་ཡིག་སློབ་འདོད་ཆེ་བའི་སློབ་མ་བཅས་བསྡུས་ལ།  2011ལོའི་ཟླ11པོའི་ཚེས10ཉིན་དངོས་སུ་སློབ་ཁྲིད་ཀྱི་འགོ་བརྩམས་ཤིང་། ད་ལྟ་སློབ་ཁྲིད་བྱེད་བཞིན་པའི་སྒང་ཡིན་ལ།  སྔར་བཞིན་ལོ་རིམ་དང་པོ་ནས་དྲུག་པའི་བར་སྐད་གཉིས་སློབ་གསོའི་སློབ་ཁྲིད་ཀྱི་ཐབས་ལམ་སྤྱད་པ་དང་།  དེར་ད་དུང་ལག་རྩལ་འཛིན་གྲྭ་དང་སློབ་སྔོན་འཛིན་གྲྭའང་ཡོད་པ་རེད།


འབྲེལ་ཡོད་མི་སྣ་ལྷན་དུ་པར་བསྐྱོན་པ།

          དེ་ཡང་ཁམས་པ་ཕན་བདེ་མཐུན་ཚོགས་ཀྱི་བླ་མ་རྒྱ་མཚོ་ལགས་ཀྱི་རོགས་རམ་འོག་སྐབས་དེར་སེམས་ཀྱི་ཉི་ཟླ་རྫོང་དུ་གཉེན་སྒྲིག་བྱེད་བཞིན་པའི་ཤས་ནཱ་དང་ཀྲང་ཅིན་ལ་ཐུགས་འཕྲད་གནང་ནས་ཁོང་གཉིས་ཀྱིས་སློབ་གྲྭར་སྒོར184167ཕུལ་པ་རེད། 


སློབ་གྲྭའི་འགོ་ཁྲིད། ཤས་ནཱ་དང་ཀྲང་ཅིན། 

          སློབ་གཙོ་ཨ་ཉིག་གིས་བཤད་རྒྱུར།  རྒྱལ་ཐང་ཕན་བདེ་བོད་ཡིག་སློབ་གྲྭ་འདི་དུས་ནམ་ཡང་སེམས་ཀྱི་ཉི་ཟླའི་སློབ་ཁུལ་གཞན་དང་གཅིག་གྱུར་བྱེད་མི་ནུས་ཤིང་།  སློབ་གྲྭ་འདི་བཙུགས་པ་ནི་ས་གནས་ཀྱི་སློབ་མ་རྣམས་ལ་སྟབས་བདེ་བཟོས་པ་ཡིན་ཏེ།  གལ་སྲིད་གཅིག་གྱུར་བྱས་ཚེ་སློབ་གྲྭ་འདི་བཙུགས་པའི་དོན་སྙིང་ཅི་ཡང་མེད་པར་ངེས།  དེ་མིན་སློབ་གྲྭའི་དངུལ་རྩའི་ཐད་ནས་གནང་དོན་མི་འབྱུང་བར་ཡོང་ཆེད་སློབ་གྲྭ་རང་སོ་སོས་བདག་རྩིས་བྱེད་དགོས་པ་ནན་གྱིས་བསྟན། 


འབྲེལ་ཡོད་འོས་སྦྱོར།