logo

《རྒྱ་བོད་དབྱིན་གསུམ་ཤན་སྦྱར་དེང་རབས་གསོ་རིག་མིང་མཛོད》སྒྲིག་སྦྱོར་བྱ་བའི་སྤྱི་སྡོམ་ཚོགས་འདུ་བསྡུས།

རྩོམ་པ་པོ།:བདེ་ཆེན་མཚོ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2012-01-04 ཀློག་གྲངས།:


《རྒྱ་བོད་དབྱིན་གསུམ་ཤན་སྦྱར་དེང་རབས་གསོ་རིག་མིང་མཛོད》སྒྲིག་སྦྱོར་བྱ་བའི་སྤྱི་སྡོམ་ཚོགས་འདུ་བསྡུ་བའི་ཡུལ་དངོས།

  ཉེ་སྔོན《རྒྱ་བོད་དབྱིན་གསུམ་ཤན་སྦྱར་དེང་རབས་གསོ་རིག་མིང་མཛོད》སྒྲིག་སྦྱོར་བྱ་བའི་སྤྱི་སྡོམ་ཚོགས་འདུ་མཚོ་སྔོན་སློབ་ཆེན་བོད་ཀྱི་གསོ་རིག་སློབ་གླིང་དུ་བསྡུས། 《རྒྱ་བོད་དབྱིན་གསུམ་ཤན་སྦྱར་དེང་རབས་གསོ་རིག་མིང་མཛོད》ནི་བོད་ལུགས་གསོ་རིག་གི་ཆེད་མཁས་པ་མང་པོས་ལོ་ངོ་བདུན་རིང་ལ་རྩོམ་སྒྲིག་བྱས་པའི་རྒྱ་བོད་དབྱིན་གསུམ་གྱི་ལམ་ནས་ནད་ཐོག་གསོ་རིག་མིང་བརྡ་གཙོར་བྱས་ཏེ་རྩ་བའི་གསོ་རིག་དང་། སྐྱེ་དངོས་གསོ་རིག་ལས་གཞི། རྒྱུད་འཛིན་ལས་གཞི། འཇིག་རྟེན་གསོ་རིག་སོགས་གསོ་བ་རིག་པའི་གསར་བྱུང་མིང་བརྡ་ལོ་ཙཱ་དང་ཤར་སྦྱར་བྱས་པའི་མིང་མཛོད་ཐོག་མ་ཡིན།


《རྒྱ་བོད་དབྱིན་གསུམ་ཤན་སྦྱར་དེང་རབས་གསོ་རིག་མིང་མཛོད》སྒྲིག་སྦྱོར་བྱ་བའི་སྤྱི་བསྡོམས་ཚོགས་འདུའི་སྟེང་
ཞུགས་པའི་ཆེད་མཁས་པ་རྣམས།

《རྒྱ་བོད་དབྱིན་གསུམ་ཤན་སྦྱར་དེང་རབས་གསོ་རིག་མིང་མཛོད》སྒྲིག་སྦྱོར་བྱ་བའི་སྤྱི་བསྡོམས་ཚོགས་འདུའི་སྟེང་
ཞུགས་པའི་ཆེད་མཁས་པ་རྣམས།

  བོད་ལུགས་གསོ་རིག་དང་དེང་རབས་གསོ་རིག་ཚན་རིག་གཉིས་ལེགས་པོར་ཟུང་སྦྲེལ་བྱེད་པར་དམིགས་ནས་མཚོ་སྔོན་སློབ་ཆེན་བོད་ལུགས་གསོ་རིག་སློབ་གླིང་གིས“དུས་རབས21པའི་བོད་ལུགས་གསོ་རིག་དངོས་གཞི་སློབ་གསོའི་འཆར་བཀོད་བསླབ་དེབ”རྩོམ་སྒྲིག་བྱེད་པ་དང་མཉམ་དུ། མཚོ་སྔོན་དགེ་འོས་སློབ་ཆེན་དང་། བོད་ལྗོངས་བོད་ལུགས་གསོ་རིག་སློབ་གླིང་། བོད་ལྗོངས་བོད་སྨན་ཁང་། མཚོ་སྔོན་ཞིང་ཆེན་བོད་སྨན་ཞིབ་འཇུག་ཁང་། མཚོ་སྔོན་ཞིང་ཆེན་བོད་སྨན་ཁང་སོགས་འབྲེལ་ཡོད་ལས་ཁུངས་དང་མཉམ་འབྲེལ་བྱས་ནས་རྒྱལ་ཡོངས་ཀྱི་མཐོ་རིམ་གསོ་རིག་སློབ་གླིང་ལོ་ལྔའི་ལུགས་ཀྱི་ནད་ཐོག་གསོ་རིག་ཆེད་ལས་ཀྱི“དུས་རབས21པར་ཕྱོགས་པའི་བསླབ་དེབ”བསྒྱུར་སྒྲིག་བྱས། རྩོམ་སྒྲིག་ཚན་ཆུང་གིས་ཐག་གཅོད་བྱས་པ་ལྟར་ན་ཕྱོགས་གཅིག་ནས་བསླབ་དེབ་ཀྱི་ནང་དོན་ལོ་ཙཱ་བྱེད་པ་དང་། ཕྱོགས་གཅིག་ནས་བོད་ཡིག་གི་བསྒྱུར་མིང་ཚད་ལྡན་དུ་གཏོང་བ་སྟེ། བསླབ་དེབ་ཀྱི་ནང་དོན་ལོ་ཙཱ་བྱས་མ་ཚར་སྔོན་དུ《རྒྱ་བོད་དབྱིན་གསུམ་ཤན་སྦྱར་དེང་རབས་གསོ་རིག་མིང་མཛོད》རྩོམ་སྒྲིག་བྱས་ཚར་དུ་འཇུག་པ་དང་། དེའི་རྗེས་བསླབ་དེབ་ཀྱི་འགྱུར་ཡིག་ལ་ཞིབ་དཔྱད་བྱས་ཏེ་ཐ་སྙད་ཀྱི་བསྒྱུར་མིང་གཅིག་གྱུར་དང་ཚད་ལྡན་ཡོང་བར་ཁག་ཐེག་བྱེད་པ་རེད།
  བགྲང་བྱ་བདུན་གྱི་རིང་དུ་རྩོམ་སྒྲིག་ཚན་ཆུང་གིས་དེང་རབས་གསོ་རིག་གི་རྩ་བའི་ཐ་སྙད་དང་། རྒྱུན་བཀོལ་ཐ་སྙད། ཐ་སྙད་གཙོ་བོ། ཐ་སྙད་དཀའ་གནད་ཅན། དེ་མིན་གཤགས་བཅོས་ཐད་དང་། ནད་རིགས། སྨན་རྫས། དངོས་ལུགས། རྫས་འགྱུར། སྐྱེ་དངོས་རིག་པ་སོགས་ཀྱི་ཐ་སྙད་འདེམ་སྒྲིག་དང་ཞིབ་བཤེར་གཏན་འབེབས་བྱས་མཐར་དེང་རབས་གསོ་རིག་གི་བོད་ཡིག་བསྒྱུར་མིང42000ལྷག་གཏན་ཁེལ་བྱས་པ་རེད།
  《རྒྱ་བོད་དབྱིན་གསུམ་ཤན་སྦྱར་དེང་རབས་གསོ་རིག་མིང་མཛོད》པར་བསྐྲུན་བྱས་པ་དེས“དུས་རབས21པར་ཕྱོགས་པའི་བསླབ་དེབ”ལོ་ཙཱ་ཞུ་དག་བྱེད་པ་དང་བོད་ཀྱི་དེང་རབས་གསོ་རིག་སློབ་གསོའི་འཕེལ་རྒྱས་ལ་ནུས་པ་ཆེན་པོ་ཐོན་པའོ།།


འབྲེལ་ཡོད་འོས་སྦྱོར།