logo

བོད་ཀྱི་ལོ་རྒྱུས་རིག་གནས་གཙོར་བཟུང་བའི་བརྩམས་ཆོས་འགྲེམ་སྟོན་དེ་པེ་ཅིང་ནས་སྤེལ་པ།

རྩོམ་པ་པོ།:སྐལ་བཟང་། ཡོང་ཁུངས།:ཀྲུང་གོའི་བོད་རིག་པའི་དྲ་བ། དུས་ཚོད།:2012-01-03 ཀློག་གྲངས།:


          ཉེ་སྔོན། པེ་ཅིང་ཀྲུང་ཧྭའི་དུས་རབས་ལྡིངས་ཆ་ནས་བོད་ཀྱི་ལོ་རྒྱུས་རིག་གནས་བརྗོད་བྱར་བཟུང་ནས་གསར་རྩོམ་མཛད་པའི་བརྩམས་ཆོས་འགྲེམ་སྟོན་མཛད་སྒོ་བསྡུས་ཤིང་།  ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་དང་རིག་གནས་པུའུ་ཡི་འབྲེལ་ཡོད་འགོ་ཁྲིད་མཛད་སྒོར་ཞུགས་པ་མ་ཟད་འགྲེམས་སྟོན་གྱི་དར་ཚོན་བཅད་པ་རེད།


          ཐེངས་འདིའི་འགྲེམ་སྟོན་ནི་བོད་རང་སྐྱོང་ལྗོངས་རིག་གནས་སྒྱུ་རྩལ་ཞིབ་འཇུག་གླིང་གི་ཇུས་འགོད་རྩ་འཛུགས་བྱས་པ་དང་། ལི་ཏུའོ་དང་ཀྲང་ཧའེ།  ཉི་མ་ཚེ་རིང་།  ཡེ་ཞིང་ཧྲེང་སོགས་རི་མོ་བ40ལྷག་གི་བརྩམས་ཆོས200ལྷག་འགྲེམ་སྟོན་བྱས་ཡོད།
          བོད་ཀྱི་ལོ་རྒྱུས་རིག་གནས་བརྗོད་བྱར་བཟུང་ནས་གསར་རྩོམ་མཛད་པའི་བརྩམས་ཆོས་འགྲེམ་སྟོན་དེ2012ལོའི་ཟླ1པོའི་ཚེས3ཉིན་བར་འགྲེམས་སྟོན་བྱ་རྒྱུ་རེད།


འབྲེལ་ཡོད་འོས་སྦྱོར།