logo

བརྩམས་སྒྲུང《ལྷས་བསྩལ་བ》ཞེས་པར2011ལོའི་མི་རིགས་རྩོམ་རིག་བྱ་དགའ་ཐོབ་པ།

རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2011-12-30 ཀློག་གྲངས།:

          ཟླ12བའི་ཚེས28ཉིན།  2011ལོའི“མི་རིགས་རྩོམ་རིག”བྱ་དགའ་དེ་པེ་ཅིན་ནས་གསལ་བསྒྲགས་བྱས་ཤིང་།  དེ་ལས་བོད་ཀྱི་རྩོམ་པ་པོ་དང་བྱ་དགའ་ཐོབ་པའི་བརྩམས་ཆོས་ནི་ཚེ་རིང་ནོར་བུའི《ལྷས་བསྩལ་བ》ཞེས་པ་དང་།  རྩོམ་པ་པོ་སྟག་འབུམ་རྒྱལ་ལ2011ལོའི《མི་རིགས་རྩོམ་རིག》གི་ཕ་སྐད་རྩོམ་པ་པོའི་མཚན་སྙན་གནང་བ་རེད། 
          ཚེ་རིང་ནོར་བུའི་སྒྲུང་འབྲིང《ལྷས་བསྩལ་བ》ཞེས་པ2011ལོར《མི་རིགས་རྩོམ་རིག》སྟེང་བཀོད་ཅིང་།  2011ལོའི《མི་རིགས་རྩོམ་རིག》བརྩམས་སྒྲུང་བྱ་དགའ་ཐོབ་པ་དང་།  བརྩམས་སྒྲུང་འདིར་སྒྲུང་པ་ཞིག་གི་མི་ཚེའི་བརྒྱུད་རིམ་འབྲི་བཞེངས་བྱས་ཡོད་པ་དང་། དེས་བོད་བྱང་ཐང་གི་མི་རྣམས་ཀྱི་རྒྱུན་སྲོལ་འཚོ་བ་དང་མི་རིགས་རིག་གནས་རྒྱུན་འཛིན་གྱི་བསམ་གཞིག་གླེང་ཡོད།
          ཁོ་ནི་བོད་ལྗོངས་སུ་ལུའུ་ཞུན་རྩོམ་རིག་བྱ་དགའ་ཐོབ་མཁན་ཐོག་མ་ཡིན་ལ།  ཁོང་གི་སྒྲུང་ཐུང་སྟེ《ལུག་ཚེ་ཐར》ཞེས་པར2010ལོར་སྐབས་ལྔ་བའི་ལུའུ་ཞུན་རྩོམ་རིག་བྱ་དགའ་ཐོབ་པ་དང་།  དེ་མིན་ཁོང་གི་བརྩམས་སྒྲུང《ལག་དམར》ཞེས་པ་དང་།  《ཁམས》། 《ཨ་མེ་རི་ཀ》།  《ལྷ་སྒྲུང》སོགས་ལའང་བྱ་དགའ་སྣ་ཚོགས་ཐོབ་མྱོང་ཞིང་།  དེ་ལས་བརྩམས་ཆོས་ལ་ལ་ད་དུང་ཁོ་རི་ཡའི་སྐད་དང་།  སོག་སྐད།  ཡུ་གར་གྱི་སྐད།  ཧ་ས་ཁིའི་སྐད་སོགས་སུ་བསྒྱུར་ཡོད་པ་རེད།  


འབྲེལ་ཡོད་འོས་སྦྱོར།