logo

ཚྭ་འདམ་བོད་ཡིག་དྲ་ཚིགས་ཀྱིས་དྲ་རྩོམ་འགྲན་བསྡུར་བྱ་འགུལ་སྤེལ་བའི་བརྡ་སྦྱོར།

རྩོམ་པ་པོ།:འདམ་འཇིལ་ལི། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2011-12-30 ཀློག་གྲངས།:

          མཚོ་ནུབ་ཁུལ་མི་རིགས་སྐད་ཡིག་གཞུང་སྒྲུབ་ཁང་གི་འགོ་ཁྲིད་དང་ལས་བྱེད་མི་སྣ་ཡོངས་ཀྱི་འབད་འབུངས་དང་། དེ་མིན་རྒྱ་ཆེ་བའི་ཀློག་པ་པོ་གང་མང་གིས་ཐུགས་ཁུར་དང་རྒྱབ་སྐྱོར་འོག   ཚྭ་འདམ་བོད་ཡིག་དྲ་ཚིགས་ཀྱི་རྩ་བ་ཚུགས་ཤིང་ཡལ་འདབ་རྒྱས་པའི་དུས་འདིར། ཚྭ་འདམ་དྲ་ཚིགས་ཀྱི་མ་འོངས་པའི་མདུན་ལྗོངས་འོད་སྟོང་ལྡན་པ་དང་།  དྲ་བའི་ལེ་ཚན་ཕུན་སུམ་ཚོགས་པར་གཏོང་བར་སྲིད་འབྱོར་རིག་གསུམ་གྱི་ནང་སྙིང་འཛོལ་པོའི་ཆ་འཕྲིན་གཙང་མ་ཆོལ་གསུམ་ཀུན་ཏུ་ཁྱབ་པའི་རྟགས་མཚན་ཤིག་དང་།  ཚྭ་འདམ་བོད་ཡིག་དྲ་ཚིགས་ལ་ནམ་ཡང་རྒྱབ་སྐྱོར་དང་ཐུགས་ཁྲལ་གནང་གིན་པའི་རྒྱ་ཆེ་ཀློག་པ་པོ་གང་མང་ལ་སྐུལ་སློང་བྱེད་ཆེད།  ཆེད་དུ་དྲ་སྟེང་ནས་ཁྱད་མཚར་བའི་ཚྭ་འདམ་ཞེས་པ་བརྗོད་བྱ་ཡིན་པའི་དྲ་རྩོམ་དང་པར་རྩོམ་འགྲན་བསྡུར་གྱི་བྱ་འགུལ་ཞིག་སྤེལ་རྒྱུ་ཡིན་པས།  འགྲན་ཞུགས་རྩོམ་ཡིག་ལ་རྩོམ་པ་པོས་མོས་འདུན་ལྟར་བརྗོད་བྱ་དང་ཡིག་འབྲུ་གཏན་ཁེལ་མེད་པར་སྙན་ངག་དང་ལྷུག་རྩོམ། དཔྱད་རྩོམ། འབོལ་རྩོམ་སོགས་གང་བདེར་བསྐུར་ཆོག  པར་རྩོམ་ལ་བོད་ཁུལ་གྱི་སྲིད་འབྱོར་རིག་གསུམ་གྱི་འཕོ་འགྱུར་དང་འཚོ་བའི་འགྱུར་ལྡོག་དང་ཡུལ་སྲོལ་གོམས་གཤིས་ལེགས་པོར་མཚོན་པ་བཅས་ཡིན་པའི་པར་རྩོམ་ཡིན་དགོས། བརྩམས་ཆོས་ཀྱི་མཇུག་ཏུ་རྩོམ་པ་པོ་རང་རང་གི་མིང་དང་ས་གནས། འབྲེལ་གཏུག་ཁ་པར་བཅས་གསལ་བོར་འབྲི་དགོས།
བྱ་དགའ་སྤྲོད་ཚུལ།  རྩོམ་ཡིག་དང་པར་བརྒྱབ་པ་སོ་སོར་ཨང་དང་པོ་རེ་དང་ཨང་གཉིས་པ་གཉིས་རེ། ཨང་གསུམ་པ་
                               གསུམ་རེ། བསྡོམས་པས་མི་བཅུ་དྲུག་འདེམས་རྒྱུ་ཡིན་ཞིང་། ཨང་དང་པོ་རེ་ལ་སྒོར་སྟོང་གཅིག་དང་། 
                               ཨང་གཉིས་པ་རེ་ལ་སྒོར་བདུན་བརྒྱ། ཨང་གསུམ་པ་རེ་ལ་སྒོར་ལྔ་བརྒྱའི་གཟེངས་བསྟོད་བྱ་དགའ་
                               འབུལ་རྒྱུ་ཡིན་པ།
རྩོམ་བསྡུ་དུས་ཡུན།  སྤྱི་ལོ2012ལོའི་ཟླ1པོའི་ཚེས1ནས་ཟླ4བའི་ཚེས1ཉིན་བར་ཡིན།
རྩོམ་ཡིག་དང་པར་རིས་བསྐུར་ཡུལ།  མཚོ་ནུབ་ཁུལ་མི་རིགས་སྐད་ཡིག་གཞུང་སྒྲུབ་ཁང་།cdmzw2011@163.com
འབྲེལ་གཏུག་ཁ་པར།     གཞུང་སྒྲུབ་ཁང་། 09778226091
གཅན་དགེ་འདུན་འཚོ།   13709770021
འདམ་འཇིལ་ལི།    15109772383
བྱང་མོ།           13299875612


འབྲེལ་ཡོད་འོས་སྦྱོར།