《སྙན་ངག་ཚགས་པར》འདོན་ཐེངས་རེ་བརྒྱད་པ་འགྲེམ་སྤེལ་བྱས་པ།

སྙན་ངག་ཚགས་པར།
ཐོག་མར་སློབ་རའི་འཚོ་བ་ཕུན་སུམ་ཚོགས་པ་དང་སྙན་ངག་གི་མཁའ་དབུགས་སྟུག་པོ་ཞིག་སྐྲུན་ཆེད། དགེ་རྒན་དཔའ་རྩེ་སོགས་སྙན་ངག་པ་སྐོར་ཞིག་གིས་ནུབ་བྱང་མི་རིགས་སློབ་ཆེན་དུ་སྙན་ངག་ཚགས་པར་གྱི་སྲོལ་བཙུགས་ཤིང་། ད་ལྟའི་བར་བོད་ཀྱི་སྙན་ངག་ཚགས་པར་འདི་ཁོ་ན་ལས་གཞན་མ་མཆིས།

སྙན་ངག་ཚགས་པར་གྱིས་སློབ་རའི་འཚོ་བར་བྱིན་པའི་བྲོ་བ།
སྙན་ངག་ཚགས་པར་འདོན་ཐེངས་རེ་བརྒྱད་པ་འདི་དགེ་རྒན་དཔའ་རྩེ་གཙོས་པའི་སློབ་མ་ཁ་བ་སྙིང་ལྕགས་དང་གནའ་གྲོང་། ཨ་འབྲོག་ཁྱུང་རྡོར་བཅས་ཀྱིས་སྙན་ངག་བསྡུ་བའི་བརྡ་ཁྱབ་བཏང་ཞིང་རྩོམ་སྒྲིག་མཛད་ནས་སྤྱི་ལོ2011ལོའི་ཟླ12པའི་ཚེས26ཉིན་རྒྱ་ཆེར་འགྲེམ་སྤེལ་བྱས་པ་ཞིག་ཡིན།
ཐེངས་འདིའི་སྙན་ངག་ཚགས་པར་ལས་ནུབ་བྱང་མི་རིགས་སློབ་ཆེན་གྱི་མི་བུའི་སྒེར་ཚུགས་ཀྱི་བསམ་བློ་དང་རིག་གནས་སྙིང་སྟོབས་སོགས་བླ་ལྷག་ཏུ་མཚོན་ཡོད་པ་དང་རྩོམ་སྒྲིག་པའི་ཉམས་མྱོང་དང་རྩོམ་འབྲི་བའི་གོ་རྟོགས་མཐོ་རུ་འགྲོ་ཞིང་། སྙན་ངག་ཚགས་པར་འདི་བསྟུད་མར་འཕེལ་རྒྱས་འབྱུང་བའི་བགྲོད་ལམ་ཡངས་པོ་ཡོད་ངེས་པ་རེད།
