བོད་ཡིག་ཆ་འཕྲིན་ལག་རྩལ་རྒྱལ་ཁབ་ཀྱི་ས་གནས་མཉམ་འབྲེལ་ལས་གཞི་ཞིབ་འཇུག་ལྟེ་གནས་སྒོ་བྱང་བཀལ་བ།
བོད་ཡིག་ཆ་འཕྲིན་ལག་རྩལ་རྒྱལ་ཁབ་ཀྱི་ས་གནས་མཉམ་འབྲེལ་བཟོ་སྐྲུན་ཞིབ་འཇུག་ལྟེ་གནས་སྒོ་བྱང་
འགེལ་བའི་མཛད་སྒོ་བསྡུ་བཞིན་པ།
ཟླ12བའི་ཚེས26ཉིན། བོད་ལྗོངས་སློབ་ཆེན་དུ་བོད་ཡིག་ཆ་འཕྲིན་ལག་རྩལ་རྒྱལ་ཁབ་ཀྱི་ས་གནས་མཉམ་འབྲེལ་བཟོ་སྐྲུན་ཞིབ་འཇུག་ལྟེ་གནས་སྒོ་བྱང་འགེལ་བའི་མཛད་སྒོ་བསྡུས་པ་རེད།
མི་རིགས་ཀྱི་ཕུལ་བྱུང་རིག་གནས་འཛིན་སྐྱོང་སྤེལ་གསུམ་བྱེད་པ་དང་བོད་ལྗོངས་ཆ་འཕྲིན་ཅན་གྱི་འཕེལ་རྒྱས་ལ་སྐུལ་བར་དམིགས་ནས། དུས་རབས་སྔོན་མའི་ལོ་རབས90བ་ནས་བཟུང་བོད་ལྗོངས་སློབ་ཆེན་གྱིས་བོད་ཡིག་ཆ་འཕྲིན་ལག་རྩལ་ཞིབ་འཇུག་བྱེད་པའི་ལས་ཀའི་འགོ་བརྩམས་ཤིང་། བོད་ལྗོངས་ཀྱི་རིག་ཚན་གཙོ་བོ་གཉིས་ཏེ་རྩིས་འཁོར་བཀོལ་སྤྱོད་ལག་རྩལ་དང་བོད་ཀྱི་སྐད་བརྡ་རྩོམ་རིག་གཞིར་བྱས་ནས2006ལོར་བོད་ཡིག་ཆ་འཕྲིན་ལག་རྩལ་ཞིབ་འཇུག་ལྟེ་གནས་བཙུགས་པ་དང་། 2010ལོར་རང་སྐྱོང་ལྗོངས་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཚོགས་ཀྱིས་བོད་ལྗོངས་ཀྱི་བོད་ཡིག་ཆ་འཕྲིན་ལག་རྩལ་ལས་གཞིའི་ཞིབ་འཇུག་ལྟེ་གནས་བསྐྲུན་པའི་ཆོག་མཆན་གནང་། ད་ལོར་རྒྱལ་ཁབ་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཚོགས་ཀྱིས་བོད་ཡིག་ཆ་འཕྲིན་ལག་རྩལ་རྒྱལ་ཁབ་ཀྱི་ས་གནས་མཉམ་འབྲེལ་ལས་གཞིའི་ཞིབ་འཇུག་ལྟེ་གནས་སུ་བསྐྲུན་པའི་ཆོག་མཆན་གནང་། ལོ་ངོ་དུ་མའི་རིང་དུ་ལྟེ་གནས་འདི་གས་བོད་ཡིག་ཆ་འཕྲིན་ལག་རྩལ་དང་དམ་པོར་འབྲེལ་ཏེ་བོད་ཁམས་གྱི་ཆ་འཕྲིན་ཅན་འཕེལ་རྒྱས་ཀྱི་དགོས་མཁོ་དང་བསྟུན་ནས་བོད་ཡིག་སྐད་བརྡའི་སྒྲིག་བཟོ་དང་། བོད་ཡིག་དཔེ་གཟུགས་ངོས་འཛིན་ལག་རྩལ། བོད་ཡིག་ཨང་གྲངས་སྨྱན་ཆས་ལག་རྩལ། བོད་ཡིག་ཆ་འཕྲིན་བདེ་འཇགས་ལག་རྩལ། བོད་ཡིག་བར་འཇུག་ཅན་གྱི་ལག་རྩལ་བཅས་ཞིབ་འཇུག་ཁ་ཕྱོགས5སྤེལ་བ་རེད། སྒོས་སུ་ཉེ་བའི་ལོ་འགའི་ནང་། ཞིབ་འཇུག་ལྟེ་གནས་ཀྱིས་ཚན་རྩལ་པུའི་དུས་སྔོན་གྱི་ཞིབ་འཇུག་ཆེད་ཚན973དང་། ལས་གཞི863། ཞིང་ལས་ཚན་རྩལ་གྲུབ་འབྲས་མངོན་འགྱུར་ལས་གཞི། རྒྱལ་ཁབ་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཚོགས་ཀྱི་མཉེན་ཆས་འདོན་སྤེལ་ལས་གཞི། རྒྱལ་ཁབ་ཀྱི་རང་བྱུང་ཚན་རིག་ཐེབས་རྩ། བོད་ལྗོངས“ལོ་ལྔའི་འཆར་གཞི་བཅུ་གཅིག”གི་འཆར་བཀོད་ལས་གཞི་སོགས་ཞིང་ཆེན་རིམ་པ་ཡན་གྱི་ཚན་རིག་ཞིབ་འཇུག་ལས་གཞི31འགན་ལེན་བྱས།
རྒྱས་ལོན་བྱུང་བ་ལྟར་ན། རྒྱལ་ཁབ་ཀྱི་ས་གནས་མཉམ་འབྲེལ་ལས་གཞིའི་ཞིབ་འཇུག་ལྟེ་གནས་ནི་རྒྱལ་ཁབ་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཚོགས་ཀྱིས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གསར་གཏོད་རང་བཞིན་གྱི་རྒྱལ་ཁབ་བསྐྲུན་པའི་འཆར་བཀོད་དངོས་འབེབས་དང་། 《རྒྱལ་ཁབ་ཀྱི་ད་ལྟ་དང་མ་འོངས་བའི་ཚན་རྩལ་འཆར་བཀོད་རྩ་གནད(2006ལོ་ནས2020ལོ)》དང་རྒྱལ་ཁབ་ཀྱི་གསར་གཏོད་ནུས་པ་འཛུགས་སྐྲུན་གྱི་འཆར་བཀོད་ལག་ཏུ་བསྟར་བ། དེ་མིན་ཁྱད་ཆོས་དང་དགེ་མཚན་ལྡན་པའི་ཡུལ་ཁོངས་གསར་གཏོད་མ་ལག་འཛུགས་སྐྲུན་བྱེད་པ་སོགས་སུ་དམིགས་ནས་བཏོན་པའི་རྒྱལ་ཁབ་ཀྱི་ས་གནས་མཉམ་འབྲེལ་གསར་གཏོད་སྟེགས་བུ་ཞིག་ཡིན་པ་རེད།