logo

བོད་བརྒྱུད་ནང་བསྟན་སཱ་ཙྪ་ཞིབ་འཇུག་གི་དཔེ་དེབ་པར་སྐྲུན་འགྲེམ་སྤེལ་བྱས་པ།

རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2011-12-26 ཀློག་གྲངས།:


བོད་བརྒྱུད་ནང་བསྟན་སཱ་ཙྪ་ཞིབ་འཇུག་གི་དཔེ་དེབ།

          ཉེ་ཆར།  བོད་བརྒྱུད་ནང་བསྟན་སཱ་ཙྪ་ཞིབ་འཇུག་གི་དཔེ་དེབ་དེ་ཁྲུན་ཆིན་དཔེ་སྐྲུན་ཁང་གིས་པར་སྐྲུན་འགྲེམ་སྤེལ་གནང་བ་རེད། 
          སཱ་ཙྪ་ནི་བོད་བརྒྱུད་ནང་བསྟན་མཆོད་རྟེན་དང་ལྷ་སྐུ་བཟོ་བའི་སྒྱུ་རྩལ་གྱི་གྲས་ཤིག་སྟེ་ལྷ་དང་མཆོད་རྟེན་སོགས་ཀྱི་གཟུགས་བརྙན་ཆུང་བའི་ལུགས་པར་ནང་འཇིམ་པ་བླུགས་ཏེ་བཟོས་པ་ཞིག་ཡིན། ད་སྔའི་བར་རྒྱལ་ནང་དུ་ད་དུང་འབྲེལ་ཡོད་སཱ་ཙྪ་ཞིབ་འཇུག་གི་ཆེད་དཔེ་ཞིག་མེད་ཅིང་དེའི་སྐོར་གྱི་ཞིབ་འཇུག་གྲུབ་འབྲས་མང་ཆེ་བ་རིས་དཔེ་དང་དཔྱད་རྩོམ་སོགས་རྨང་གཞིར་བཟུང་བ་ཞིག་ཡིན།  དཔེ་ཆ་འདི་ནི་མིའི་རིགས་རིག་པའི་གཞུང་ལུགས་ལྟེ་བར་བཟུང་ཞིང་།  ཆོ་གའི་ཞིབ་འཇུག་མཐུན་སྦྱོར་དང་མཛེས་དཔྱོད་རྟོག་བསམ་དབྱེ་ཞིབ་སོགས་ཐབས་ལམ་སྣ་ཚོགས་བརྒྱུད་དེ་ཅུང་ཆ་ཚང་བ་དང་ཕྱོགས་བསྡུས་ཀྱི་སྒོ་ནས་ཞིབ་འཇུག་བྱས་པ་རེད།
          དཔེ་དེབ་འདི་ལེའུ་བརྒྱད་ཀྱིས་གྲུབ་ཅིང་ལེའུ་སོ་སོའི་ཁྲོད་སཱ་ཙྪའི་ལོ་རྒྱུས་རིན་ཐང་དང་།  སྒྱུ་རྩལ་མཚོན་ཐབས།  རིགས་དབྱེ།  ཕན་ནུས་དང་མཛེས་དཔྱོད་གནས་ཚུལ་བཅས་རིམ་བཞིན་བརྗོད་ཡོད།   དེབ་འདིའི་རྩོམ་པ་པོ་ནི་རིག་གནས་མིའི་རིགས་རིག་པའི་འབུམ་རམས་པ་དབྱང་ཧྲོའོ་པོ་ཞེས་པ་དེ་ཡིན་ཞིང་།  དུས་རབས་སྔོན་མའི་དུས་མཇུག་ནས་ད་ལྟའི་བར་བོད་ཀྱི་སྒྱུ་རྩལ་ལ་འབད་པའི་མིའི་རིགས་རིག་པ་ཞིབ་འཇུག་བྱེད་མཁན་ཞིག་རེད།


འབྲེལ་ཡོད་འོས་སྦྱོར།