《རྨ་ལྷོའི་ས་མིང་ལོ་རྒྱུས་རིག་གནས་བརྡ་འགྲེལ》གྱི་འགྲེམ་སྤེལ་མཛད་སྒོ།
《རྨ་ལྷོའི་ས་མིང་ལོ་རྒྱུས་རིག་གནས་བརྡ་འགྲེལ》ཞེས་པའི་དཔེ་དེབ་འགྲེམས་སྤེལ་གྱི་མཛད་སྒོ།
《རྨ་ལྷོའི་ས་མིང་ལོ་རྒྱུས་རིག་གནས་བརྡ་འགྲེལ》ཞེས་པའི་དཔེ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་ཡུལ་དངོས།
སློབ་དཔོན་ཆེན་མོ་ཀླུ་རྒྱལ་འབུམ་གྱིས་གཏམ་བཤད་གནང་གིན་པ།
རྒན་ཆེན་མོ་སངས་རྒྱས་ཀྱིས་གཏམ་བཤད་གནང་གིན་པ།
ཟླ12པའི་ཚེས23ཉིན་གྱི་སྔ་དྲོར《རྨ་ལྷོའི་ས་མིང་ལོ་རྒྱུས་རིག་གནས་བརྡ་འགྲེལ》ཞེས་པའི་དཔེ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་དེ་རེབ་གོང་གསེར་མོ་ལྗོངས་ནས་བསྡུས་ཤིང་། འདུ་ཚོགས་ལ་ས་གནས་སྲིད་གཞུང་གི་ཁུལ་དཔོན་ལིས་ཀྲུང་དང་ཁུལ་དཔོན་གཞོན་པ་ཀླུ་རྒྱལ་ཚེ་རིང་སོགས་འབྲེལ་ཡོད་འགོ་ཁྲིད་དང་། མཚོ་སྔོན་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ཀླུ་རྒྱལ་འབུམ་དང་སངས་རྒྱས། གྲྭ་བཙུན་མཁས་པ་དཔྱི་སའི་ཡོན་ཏན་དང་བློ་བཟང་དཔལ་ལྡན། ཆེད་མཁས་པ་མཁའ་འབུམ་དང་རེབ་གོང་བ་མཁར་རྩེ་རྒྱལ། དགེ་རྒན་ཆེན་མོ་རྡོ་རྗེ་རྒྱལ་དང་བྱང་ཆུབ་འཇམ་དབྱངས་སྐྱབས། རྩོམ་པ་པོ་ཨ་ལོ་རིན་ཆེན་རྒྱལ་པོ་དང་བདེ་སྐྱིད་སྒྲོལ་མ་སོགས་ཆེད་མཁས་པ་དང་རྩོམ་པ་པོ་དེ་མིན་རྨ་ལྷོ་ཁུལ་བོད་སྐད་ཡིག་གཞུང་སྒྲུབ་ཁང་གཙོས་པའི་རྫོང་བཞིའི་བོད་སྐད་ཡིག་གཞུང་སྒྲུབ་ཁང་གི་ལས་བཟོ་བ་དང་འབྲེལ་ཡོད་མགོ་ཁྲིད་བཅས་མི་སྣ་ལྔ་བཅུ་ལྷག་ཚོགས་འདུར་ཞུགས་ཡོད་པ་རེད།
རྨ་ལྷོ་ཁུལ་གྱི་ཁུལ་དཔོན་གཞོན་པ་ཀླུ་རྒྱལ་ཚེ་རིང་གིས་གཏམ་བཤད་གནང་གིན་པ།
ཁུལ་བོད་སྐད་ཡིག་གཞུང་སྒྲུབ་ཁང་གི་ཀྲུའུ་རིན་ནམ་དཔེ་དེབ་ཀྱི་
གཙོ་སྒྲིག་པ་སྙིང་ལྕགས་ཀྱིས་གཏམ་བཤད་གནང་གིན་པ།
ཚོགས་ཞུགས་པ་དག་གིས་དཔེ་དེབ་ཀློག་གིན་པའི་ཚུལ།