བོད་ལྗོངས་ཀྱི་རྫོང་ཞང7ཀྲུང་གོའི་དམངས་ཁྲོད་རིག་གནས་སྒྱུ་རྩལ་གྱི་ཕ་ས་རུ་བདམས་པ།
གཞིས་ཀ་རྩེའི་གཏིང་སྐྱེས་རྫོང་གི་ཤར་པའི་བྲོ་གར་འཁྲབ་བྱེད་ཀྱི་གྱོན་ཆས།
2011ལོའི་ཟླ9བར་རིག་གནས་པུའུ་ཡིས་རྩ་འཛུགས་བྱས་ཏེ2011ལོ་ནས2013ལོའི་བར་གྱི“ཀྲུང་གོའི་དམངས་ཁྲོད་རིག་གནས་སྒྱུ་རྩལ་གྱི་ཕ་ས”ཞེས་པའི་ཞིབ་དཔྱད་བྱ་བ་སྤེལ་བ་རེད། ཞིང་ཆེན་དང་། རང་སྐྱོང་ལྗོངས། ཐད་སྐྱོང་གྲོང་ཁྱེར་སོ་སོས་མཚམས་སྦྱོར་བྱས་པ་ལྟར་ཆེད་མཁས་པ་ཚན་ཆུང་གིས་ཡུལ་དངོས་སུ་རྟོག་ཞིབ་བྱས་པར་བརྒྱུད་རྒྱལ་ཡོངས་སུ་འབྲེལ་ཡོད་ཀྱི་ཆ་རྐྱེན་དང་མཐུན་པའི་རྫོང་དང་ཞང་གྲོང528ལ“ཀྲུང་གོའི་དམངས་ཁྲོད་རིག་གནས་སྒྱུ་རྩལ་གྱི་ཕ་ས”ཞེས་པའི་མཚན་གསོལ་བ་རེད།
ཆབ་མདོ་རྫོང་ཀརྨ་ཡུལ་ཚོའི་ལྕགས་རིགས་ལས་སྣོན་བྱེད་ཐབས།
གཞིས་ཀ་རྩེའི་ངམ་རིང་རི་བོ་ཆེ་ཡུལ་ཚོའི་བོད་ཀྱི་ལྷ་མོའི་ཟློས་གར།
བོད་ལྗོངས་སུ་རྫོང་དང་ཞང་གྲོང7ལ“ཀྲུང་གོའི་དམངས་ཁྲོད་རིག་གནས་སྒྱུ་རྩལ་གྱི་ཕ་ས”ཞེས་པའི་མཚན་གནང་ཡོད་པ་སྟེ། གཞིས་ཀ་རྩེ་ས་ཁུལ་གྱི་གཏིང་སྐྱེས་རྫོང་གྲལ་ཐང་གྲོང་རྡལ་དང་། མངའ་རིས་རྩ་མདའ་རྫོང་། ནག་ཆུ་ས་ཁུལ་འབྲི་རུ་རྫོང་ཤག་ཆུ་ཡུལ་ཚོ། ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་རྫོང་གི་གནས་ཆུང་གྲོང་རྡལ་རྒྱབ་ར་སྡེ་བ། ལྷོ་ཁ་ས་ཁུལ་སྣེ་གདོང་རྫོང་གི་ཁྲ་འབྲུག་གྲོང་རྡལ། གཞིས་ཀ་རྩེ་ས་ཁུལ་གྱི་ངམ་རིང་རྫོང་རི་བོ་ཆེ་ཡུལ་ཚོ། ཆབ་མདོ་ས་ཁུལ་ཆབ་མདོ་རྫོང་གི་ཀརྨ་ཡུལ་ཚོ་བཅས་སོ།།