ནུབ་བྱང་མི་རིགས་སློབ་ཆེན་བོད་ཀྱི་སྐད་ཡིག་རིག་གནས་སློབ་གླིང་གཟེངས་བསྟོད་ཚོགས་འདུ་བསྡུས་པ།

ནུབ་བྱང་མི་རིགས་སློབ་ཆེན་བོད་ཀྱི་སྐད་ཡིག་རིག་གནས་སློབ་གླིང་གིས་གཟེངས་བསྟོད་ཚོགས་འདུ་བསྡུ་བཞིན་པ།
ཟླ12པའི་ཚེས14ཉིན། ནུབ་བྱང་མི་རིགས་སློབ་ཆེན་བོད་ཀྱི་སྐད་ཡིག་རིག་གནས་སློབ་གླིང་གིས་སློབ་ལོའི་གཟེངས་བསྟོད་ཚོགས་འདུ་བསྡུས་ཤིང་། བོད་ཀྱི་སྐད་ཡིག་དང་རིག་གནས་སློབ་གླིང་གི་གླིང་གཙོ་གཞོན་པ་ཞཱེས་ཏི་ཚའེ་ཡིས་ཚོགས་འདུ་ལ་མདོ་འཛིན་བྱས་ལ། སློབ་གླིང་དེ་གའི་འགོ་ཁྲིད་དང་། དགེ་རྒན། སློབ་མ་རྣམས་ཚོགས་འདུ་ལ་ཞུགས་པ་རེད།

སྦྱངས་འབྲས་གཟེངས་སུ་ཐོན་པའི་སློབ་མ་རྣམས་ལ་བྱ་དགའ་གནང་བ།
ཚོགས་འདུ་ལ་ཞུགས་པའི་འགོ་ཁྲིད་དང་དགེ་རྒན་རྣམ་པས་སྔོན་ཐོན་ཚོགས་པ་དང་ཕུལ་བྱུང་མི་སྣ་རྣམས་ལ་དཔང་ཡིག་དང་བྱ་དགའ་གནང་ཞིང་། སློབ་མ་ཀླུ་དབང་གིས་བྱ་དགའ་ཐོབ་མཁན་རྣམས་ཀྱི་ཚབ་བྱས་ཏེ་འགོ་ཁྲིད་དང་དགེ་རྒན་རྣམ་པས་དུས་དང་རྣམ་པ་ཀུན་ཏུ་སློབ་མ་རྣམས་རིག་པའི་གནས་ཀྱི་ལམ་དུ་འདོང་བར་ལེགས་པོར་སྟོན་པ་ལ་ཐུགས་རྗེ་ཆེ་ཞུ་བ་དང་མཉམ་དུ། རྗེས་ཕྱོགས་ཀྱང་མུ་མཐུད་དུ་འབད་འབུངས་བྱས་ཏེ་སྦྱངས་འབྲས་གསར་བ་ལེན་རྒྱུའི་ཆོད་སེམས་བརྗོད་པ་རེད། མཇུག་མཐར་སློབ་གླིང་དེའི་དགེ་རྒན་རྣམས་ཀྱིས་སློབ་མ་ཚོས་དལ་འགྲོ་ཆུ་བོའི་རྒྱུན་བཞིན་སློབ་པའི་ལས་ལ་བརྩོན་པ་རྩེ་གཅིག་ཏུ་གཞོལ་དགོས་པའི་རེ་བ་བཏོན་པར་མ་ཟད། སློབ་གླིང་ཡོངས་ཀྱི་དགེ་སློབ་རྣམས་ཀྱིས་ཕྱར་བ་གྲུ་འདེགས་སྒོས་ཕུལ་དུ་བྱུང་བའི་སྲོལ་རྒྱུན་འཛིན་སྤེལ་དང་གསར་གཏོད་ལ་བརྩོན་ནས་སློབ་གླིང་མུ་མཐུད་དུ་གོང་སྤེལ་དང་དར་རྒྱས་འབྱུང་བར་ནུས་ཤུགས་འདོན་དགོས་པའི་གཞེན་སྐུལ་བཏང་བ་རེད།
