མཚོ་ལྷོ་ཁུལ་གྱིས་གཞི་རིམ་ལས་བྱེད་པའི་བོད་སྐད་ཡིག་གསོ་སྦྱོང་འཛིན་གྲྭ་སྐབས་དང་པོ་བསྒྲུབས་པ།

མཚོ་ལྷོ་ཁུལ་གྱི་གཞི་རིམ་ལས་བྱེད་པའི་བོད་སྐད་ཡིག་གསོ་སྦྱོང་འཛིན་གྲྭ།
དུས་སྐབས་གསར་བའི་ནང་མཚོ་ལྷོ་བོད་ཁུལ་གྱི་དངོས་ཡོད་དང་དུས་རབས་ཀྱི་དགོས་མཁོར་གཞིག་ཅིང་། སྲིད་ཇུས་རྟོགས་པ་དང་། བོད་སྐད་ཡིག་ཤེས་པ། དམངས་ཀྱི་དཀའ་ངལ་སེལ་བའི་བོད་ཁུལ་གཞི་རིམ་གྱི་ལས་བྱེད་རུ་ཁག་གསོ་སྐྱོང་བྱས་ནས་མཚོ་ལྷོའི་དཔལ་འབྱོར་འཛུགས་སྐྲུན་ལ་སྔར་ལས་ལྷག་པར་བྱས་རྗེས་ལེགས་པོ་ཞིག་འཇོག་ཆེད། མཚོ་ལྷོ་ཁུལ་ཨུའི་རྩ་འཛུགས་པུས་ཞིང་ཆེན་ཡོངས་ཀྱི་ལས་བྱེད་པ་གསོ་སྐྱོང་འཆར་འགོད་དང་མཚོ་ལྷོའི་དངོས་ཡོད་དང་བསྟུན་ནས་ཁུལ་ཨུའི་ཏང་གི་སློབ་གྲྭ་དང་མཉམ་འབྲེལ་སྒོས་ཟླ12པའི་ཚེས5ཉིན་མཚོ་ལྷོ་ཁུལ་གྱི་གཞི་རིམ་ལས་བྱེད་པའི་བོད་སྐད་ཡིག་གསོ་སྦྱོང་འཛིན་གྲྭ་སྐབས་དང་པོ་དངོས་སུ་འགོ་བརྩམས་པ་རེད།
ཐེངས་འདིའི་གསོ་སྦྱོང་འཛིན་གྲྭ་ནི་ཆེད་དུ་མཚོ་ལྷོ་ས་ཁུལ་གྱི་བོད་སྐད་བཤད་མི་ཤེས་ཤིང་མང་ཚོགས་དང་འབྲེལ་འདྲིས་ལེགས་པོ་བྱེད་མི་ཐུབ་པའི་གནད་དོན་འདིའི་རིགས་ལ་དམིགས་པ་ཡིན་ཞིང་། བོད་ཁུལ་དུ་ཏང་གི་སྲིད་ཇུས་ལག་ལེན་དངོས་འབེབ་དང་། བོད་ཁུལ་གྱི་སྤྱི་ཚོགས་བདེ་འཇགས་འགན་སྲུང་སོགས་བྱ་བར་ཞིབ་ཚགས་སྒོས་རྩ་འཛུགས་བྱས་ནས་གཞི་རིམ་ལས་བྱེད་པར་ཆེད་དུ་བསྒྲུབས་པའི་བོད་སྐད་ཡིག་གསོ་སྦྱོང་གི་འཛིན་གྲྭ་ཞིག་ཡིན། དེ་དང་ཆབས་ཅིག་ཏུ་འདི་ནི་བོད་སྐད་གསོ་སྦྱོང་གི་ཐད་ནས་གོམ་པ་ཐོག་དང་པོ་ཡིན་པས་རྗེས་ཕྱོགས་ཀྱི་གཞི་རིམ་ལས་བྱེད་པར་བོད་སྐད་ཡིག་གསོ་སྦྱོང་བྱེད་པར་ཉམས་མྱོང་སོགས་ཀྱི་རྨང་གཞི་བཏང་པ་རེད།

མཚོ་ལྷོ་ཁུལ་གྱི་གཞི་རིམ་ལས་བྱེད་པའི་བོད་སྐད་ཡིག་གསོ་སྦྱོང་འཛིན་གྲྭ།
ཐེངས་འདིའི་གསོ་སྦྱོང་འཛིན་གྲྭར་སྡོམ་པས་སློབ་མ40ཡོད་ཅིང་དུས་ཡུན་ཟླ་གཅིག་རིང་གི་གསོ་སྦྱོང་བརྒྱུད་དེ་བོད་སྐད་མི་ཤེས་པ་དག་གིས་བོད་སྐད་རྒྱུན་མཁོའི་ཐ་སྙད་སོགས་ངེས་པར་བྱེད་པ་དང་། འབྲི་ཀློག་སྒྱུར་གསུམ་གྱི་རྩ་བའི་ཤེས་བྱ་རྟོགས་པར་བྱེད་དགོས་པ་ཡིན།
དུས་ཡུན་ཟླ་གཅིག་གི་སློབ་སྦྱོང་བྱས་པར་བརྒྱུད་རང་ཉིད་ཀྱི་བོད་སྐད་ཅུང་བྱང་ཆ་ལྡན་པར་བྱས་ནས། གང་ནུས་ཀྱིས་བློ་ལ་ངེས་པའི་བོད་སྐད་སློབ་སྦྱོང་བྱས་པ་འདིས་གཞི་རིམ་དང་མང་ཚོགས་ལ་ཞབས་ཞུ་བསྒྲུབ་པ་དང་། གཞི་རིམ་དུ་ཟབ་ཞུགས་དང་ཁྱིམ་ཚང་སོགས་ཀྱི་གནས་ཚུལ་རྒྱུས་ལོན་བྱེད་པར་ཤུགས་སྤྱོད་ཅིང་བོད་སྐད་ཀྱི་ལམ་ནས་མང་ཚོགས་དང་ཐད་ཀར་འབྲེལ་འདྲིས་བྱེད་པ་དང་ཕན་ལྡན་སྒོས་ལས་དོན་བསྒྲུབ་པར་གཟེངས་སུ་ཐོན་པའི་སྐད་གཉིས་ཤེས་ལྡན་མི་སྣ་ཞིག་བྱེད་པའི་བླང་བྱ་བཏོན་བྱ་ཡོད་པ་རེད།
