logo

མཚོ་སྔོན་གྱི་གཞི་རིམ་བྱིས་ཆུང་ཁང་འཛུགས་སྐྲུན་བྱེད་པར་ཀྲུང་དབྱང་ནོར་སྲིད་ཀྱི་ཆེད་སྤྱོད་མ་དངུལ་ཐོབ་པ།

རྩོམ་པ་པོ།:བདེ་ཆེན་མཚོ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2011-12-06 ཀློག་གྲངས།:
  མཚོ་སྔོན་ཞིང་ཆེན་གྱི་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གི་ཆ་འཕྲིན་ལས་གསལ་བ་ལྟར་ན། རྒྱལ་ཁབ་ཀྱི་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གིས་མཚོ་སྔོན་ཞིང་ཆེན་ལ་མ་དངུལ་སྒོར་བྱེ་བ7གནང་ནས་མཚོ་སྔོན་ཞིང་ཆེན་གྱི་རྫོང8ཀྱི་བྱིས་ཆུང་ཁང་འཛུགས་སྐྲུན་བྱེད་རྒྱུ་རེད།
  རྒྱུས་ལོན་པ་ལྟར་ན་མ་དངུལ་འདི་དག་གཙོ་བོ་མཚོ་སྔོན་ཞིང་ཆེན་གྱི་ཙོང་ཁ་དང་། སྟོང་སྐོར། གྲོ་ཚང་། ཡ་རྫི། མདའ་གཞི། རྐང་ཚ། བྲག་དཀར། མང་རྫོང་བཅས་རྫོང8ཀྱི་ཞང་སྡེ32ཀྱི་བྱིས་ཆུང་ཁང་གི་འཚོ་བ་དང་ཞབས་ཞུའི་སྒྲིག་བཀོད་འཛུགས་སྐྲུན་བྱེད་པའི་ཐད་ལ་སྤྱད་དེ་ས་གནས་འདི་དག་གི་སློབ་སྒྲུབ་ཆ་རྐྱེན་ཇེ་ལེགས་དང་མཚོ་སྔོན་ཞིང་ཆེན་གྱི་རོང་འབྲོག་ཁུལ་གྱི་སློབ་སྔོན་སློབ་གསོ་གོང་འཕེལ་དུ་གཏོང་རྒྱུ་རེད།
  2010ལོར་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གིས་རྒྱལ་ཡོངས་སུ་ཚོད་ལྟའི་ཞིང་ཆེན10གཏན་འབེབས་བྱས་ནས་དབུས་ཕྱོགས་དང་ནུབ་ཕྱོགས་ཀྱི་སྡེ་བའི་སློབ་སྔོན་སློབ་གསོའི་སྐུལ་སྤེལ་ལས་གཞི་འགོ་བརྩམས་ཤིང་། དབུས་ཕྱོགས་དང་ནུབ་ཕྱོགས་དབུལ་ཕོངས་ས་ཁུལ་དུ་རྒྱ་བསྐྱེད་པའམ་གསར་སྐྲུན་བྱེད་པའི་ཞང་གྲོང་དང་སྡེ་བའི་བྱིས་ཆུང་ཁང་གཙོ་གནད་དུ་བཟུང་ནས་འཛུགས་སྐྲུན་བྱེད་པ་ཡིན་ལ། མཚོ་སྔོན་ནི་ཚོད་ལྟའི་ཞིང་ཆེན་བཅུའི་གྲས་ཀྱི་གཅིག་ཡིན་པ་རེད། འདིའི་ཡར་སྔོན་དུ་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གིས་མཚོ་སྔོན་ལ་སྒོར་ཁྲི5500ལྷག་གི་ཀྲུང་དབྱང་ནོར་སྲིད་ཆེད་སྤྱོད་མ་དངུལ་བཀོད་སྒྲིག་བྱས་ནས་གསེར་ཆེན་དང་། བར་ལུང་། རྐང་ཚ། དབུས་ལམ། ཙོང་ཁ་བཅས་རྫོང་ལྔའི་ཞང་སྡེའི་བྱིས་ཆུང་ཁང་འཛུགས་སྐྲུན་བྱས་པ་རེད།


འབྲེལ་ཡོད་འོས་སྦྱོར།