logo

ཆབ་འགག་རྟ་མགྲིན་གྱི《བོད་ཡིག་གི་རྡོ་རིང་ཡི་གེའི་ཞིབ་འཇུག》གི་དཔྱད་འབྲས་གསལ་འབྱེད་རབ་ཤོས་སུ་བདམས།

རྩོམ་པ་པོ།:བདེ་ཆེན་མཚོ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2011-12-06 ཀློག་གྲངས།:


དགེ་རྒན་ཆེན་མོ་ཆབ་འགག་རྟ་མགྲིན་ལགས།

  ཉེ་སྔོན། མཚོ་སྔོན་མི་རིགས་སློབ་ཆེན་བོད་རིག་པ་ཞིབ་འཇུག་གླིང་གི་དགེ་རྒན་ཆེན་མོ་ཆབ་འགག་རྟ་མགྲིན་ལགས་ཀྱིས་འགོ་འཛིན་བྱས་པའི་རྒྱལ་ཁབ་ཀྱི་སྤྱི་ཚོགས་ཚན་རིག་ཐེབས་རྩའི་ལས་གཞི《བོད་ཡིག་གི་རྡོ་རིང་ཡི་གེའི་ཞིབ་འཇུག》གི་དཔྱད་འབྲས་གསལ་འབྱེད་ལ་རབ་ཤོས་རིམ་པ་ཐོབ་པ་དང་། སོག་རིགས་སྐད་དང་རྩོམ་རིག་སྡེ་ཁག་གི་དགེ་རྒན་ཆེན་མོ་ཚེ་རིང་དཔའ་ལེ་ལགས་ཀྱིས་འགོ་འཛིན་བྱས་པའི་མཚོ་སྔོན་ཞིང་ཆེན་སྤྱི་ཚོགས་ཚན་རིག་ཇུས་འགོད་ལས་གཞི《མཚོ་སྔོན་སོག་རིགས་ཀྱི་རྩོམ་རིག་ལོ་རྒྱུས》ཀྱི་དཔྱད་འབྲས་གསལ་འབྱེད་ལ་ཡང་རབ་ཤོས་རིམ་པ་ཐོབ་ཅིང་། འདི་ནི་མཚོ་སྔོན་མི་རིགས་སློབ་ཆེན་གྱིས་ལོ་དུ་མའི་རིང་དུ་འགོ་འཛིན་དང་འགན་ལེན་བྱས་པའི་རྒྱལ་ཁབ་ཀྱི་སྤྱི་ཚོགས་ཚན་རིག་ཐེབས་རྩའི་ལས་གཞི་དང་མཚོ་སྔོན་ཞིང་ཆེན་སྤྱི་ཚོགས་ཚན་རིག་ཇུས་འགོད་ལས་གཞི་ལ་ཐོབ་པའི་རིམ་པ་ཆེས་མཐོ་བའི་དཔྱད་འབྲས་གསལ་འབྱེད་ཅིག་ཡིན་པ་རེད།
  དེའི་མཚུངས་སུ་བོད་རིག་པ་ཞིབ་འཇུག་སློབ་གླིང་གི་དགེ་རྒན་ཆེན་མོ་བུ་བཞི་ལགས་ཀྱིས་འགོ་འཛིན་བྱས་པའི་རྒྱལ་ཁབ་སྤྱི་ཚོགས་ཚན་རིག་ཐེབས་རྩའི་ལས་གཞི《ཏུན་ཧོང་ནས་ཐོན་པའི་བོད་བཙན་པོའི་དུས་ཀྱི་དམངས་ཁྲོད་རྩོམ་རིག་བརྩམས་ཆོས་ཞིབ་འཇུག》གི་དཔྱད་འབྲས་གསལ་འབྱེད་ལ་འབྲིང་ཤོས་རིམ་པ་ཐོབ་པ་དང་། མི་རིགས་རིག་པ་དང་སྤྱི་ཚོགས་རིག་པའི་སློབ་གླིང་གི་དགེ་རྒན་ཆེན་མོ་མཱ་ཁྲིན་ཅུན་ལགས་ཀྱིས་འགོ་འཛིན་བྱས་པའི་རྒྱལ་ཁབ་སྤྱི་ཚོགས་ཚན་རིག་ཐེབས་རྩའི་ལས་གཞི《རྨ་ཆུའི་སྟོད་རྒྱུད་མི་རིགས་ཀྱི་གཟུགས་འདས་ཤུལ་བཞག་རིག་གནས་མྱུར་སྐྱོབ་དང་སྲུང་སྐྱོབ་བྱེད་པའི་ཞིབ་འཇུག》གི་དཔྱད་འབྲས་གསལ་འབྱེད་ལ་ཡང་འབྲིང་ཤོས་རིམ་པ་ཐོབ།
  ཐེངས་འདིའི་མཚོ་སྔོན་མི་རིགས་སློབ་ཆེན་གྱིས་རྒྱལ་ཁབ་ཀྱི་སྤྱི་ཚོགས་ཚན་རིག་དང་མཚོ་སྔོན་ཞིང་ཆེན་སྤྱི་ཚོགས་ཚན་རིག་ཇུས་འགོད་ལས་གཞིའི་སྟེང་བླངས་པའི་འབྲས་བུ་ལས་སློབ་གྲྭ་དེ་གའི་དགེ་རྒན་རྣམ་པའི་རིག་གཞུང་ཞིབ་འཇུག་གི་ཆུ་ཚད་མཐོར་འདེགས་ཆེན་པོ་བྱུང་བ་མཚོན་ཐུབ་ཅིང་། མཚོ་སྔོན་མི་རིགས་སློབ་ཆེན་གྱི་སྤུས་ཚད་ཇེ་ལེགས་དང་དགེ་སློབ་རྣམ་པའི་ཆེད་ལས་རིག་གནས་ཕུན་སུམ་ཇེ་ཚོགས་སུ་གཏོང་བར་སྐུལ་འདེད་ཀྱི་ནུས་པ་མངོན་སུམ་ཐོན་པ་རེད།


འབྲེལ་ཡོད་འོས་སྦྱོར།