logo

མཚོ་ལྷོ་ཁུལ་ལས་རིགས་ལག་རྩལ་སློབ་གྲྭའི་ཐང་ག་འཛིན་གྲྭས་བརྩམས་ཆོས་འགྲེམ་སྟོན་བྱས་པ།

རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2011-11-26 ཀློག་གྲངས།:


སྐབས་གཉིས་བའི་མཛེས་རྩལ་འགྲེམ་སྟོན།


ཐང་ག་འགྲེམ་སྟོན།

          ཟླ11པའི་ཚེས25ནས་ཚེས26བར། སློབ་མའི་གསར་གཏོད་ནུས་བ་དང་ཕུན་སུམ་ཚོགས་པའི་བསམ་གཞིག་ནུས་བ། ལག་ལེན་ནུས་བ་བཅས་གསོ་སྤེལ་དང་། ཚན་རིག་རིག་གནས་ཀྱི་སྤུས་ཚད་མཐོར་འདེགས། སློབ་རའི་རིག་གནས་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་གཏོང་ཆེད། མཚོ་ལྷོ་ཁུལ་ལས་རིགས་ལག་རྩལ་སློབ་གྲྭས2010ལོའི་ཐང་ག་འཛིན་གྲྭ་དང2011ལོའི་ཐང་ག་འཛིན་གྲྭ་གཉིས་ལ་ཐང་གའི་བརྩམས་ཆོས་འགྲེམ་སྟོན་གྱི་གོ་སྐབས་བསྩལ་ཏེ། གང་ལེགས་སྒོས2011ལོའི་སློབ་སྐབས་དང་པོའི་བརྩམས་ཆོས་འགྲེམ་སྟོན་བྱ་འགུལ་སྤེལ་པ་རེད།


ཐང་ག་འགྲེམ་སྟོན།


ཐང་ག་འགྲེམ་སྟོན།


ཅང་ཤེས་རྟ་ཕོ།

          ཐང་ག་ནི་བོད་ཀྱི་རིག་གནས་ཁྲོད་ལོ་རྒྱུས་ཀྱི་དུས་ཡུན་རིང་ཞིང་ཆེས་ཁྱད་དུ་འཕགས་པའི་སྒྱུ་རྩལ་རྣམ་པ་ཞིག་ཡིན། ཐེངས་འདིའི་ཐང་ག་འགྲེམ་སྟོན་གྱི་ནང་དོན་ཐད་ལ་ཐང་ག་གཙོར་བྱས་པའི་སྒྱུ་རྩལ་བརྩམས་ཆོས་སྣ་མང་ཡོད་པ་དང་།  སློབ་གྲོགས་རྣམས་ཀྱིས་དུས་རྒྱུན་བརྩོན་འགྲུས་བསྐྱེད་དེ་སྒྱུ་རྩལ་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཤིང་རང་སོ་སོའི་བརྩམས་ཆོས་ཀྱི་མཛེས་པ་མངོན་པ་རེད། 


ཐང་ག་འབྲི་བཞིན་པ། 


སློབ་མ་སོ་སོའི་མཛེས་རིས་འགྲེམ་སྟོན།


སློབ་མའི་མཛེས་རིས།

           འདི་ལྟ་བུའི་བྱ་འགུལ་ལས་སློབ་མའི་དུས་རྒྱུན་གྱི་སློབ་རའི་རིག་གནས་ཕུན་སུམ་ཚོགས་པར་བྱེད་ཅིང་།   སློབ་སྦྱོང་གི་གོ་རིམ་ཁྲོད་མི་འདང་བའི་ཆ་དང་ད་དུང་མུ་མཐུད་དུ་གོང་སྤེལ་བྱེད་དགོས་པའི་ཐད་ལ་ངེས་ཤེས་ཟབ་མོ་ཐོབ་ཀྱི་ཡོད་པ་དང་།  རྗེས་ཕྱོགས་བྱ་འགུལ་ཇེ་རྒྱས་ཇེ་ལེགས་སུ་གཏོང་བར་རྨང་གཞི་ལེགས་པོ་སྐྲུན་གྱི་ཡོད་པ་རེད། 


འབྲེལ་ཡོད་འོས་སྦྱོར།