བོད་ལྗོངས་མི་རིགས་སློབ་གླིང་གིས་སློབ་གསོ་མ་ལག་སྔོན་ཐོན་མཐུན་ཚོགས་ཀྱི་མཚན་བཟང་བླངས་པ།

བོད་ལྗོངས་མི་རིགས་སློབ་གླིང་གིས་རྒྱལ་ཡོངསR&Dཐོན་ཁུངས་སྔོག་བཤེར་སློབ་གསོ་
མ་ལག་སྔོན་ཐོན་མཐུན་ཚོགས་ཀྱི་མཚན་བཟང་བླངས་བའི་དཔང་ཡིག
ཉེ་ལམ། སློབ་གསོ་པུའུ་ཡིས་ཐེངས་གཉིས་པའི་རྒྱལ་ཡོངསR&Dཐོན་ཁུངས་སྔོག་བཤེར་སློབ་གསོ་མ་ལག་སྔོན་ཐོན་མཐུན་ཚོགས་ཀྱི་མིང་ཐོ་ཁྱབ་བསྒྲགས་བྱས་ཤིང་། བོད་ལྗོངས་མི་རིགས་སློབ་གླིང་ལ་མཚན་བཟང་འདི་ཐོབ་པ་རེད།
རྒྱུས་ལོན་བྱུང་བ་ལྟར་ན། ཐེངས་གཉིས་པའི་རྒྱལ་ཡོངསR&Dཐོན་ཁུངས་སྔོག་བཤེར་ཁྲོད་བོད་ལྗོངས་མི་རིགས་སློབ་གླིང་གིས་ཚན་རིག་ཞིབ་འཇུག་ཁང་ལྟེ་བར་བཟུང་བ་དང་། R&Dཐོན་ཁུངས་སྔོག་བཤེར་ལ་མཐོང་ཆེན་ཆེན་པོ་གནང་ཞིང་། ཐོག་མཐའ་བར་གསུམ་དུ་སྔོག་བཤེར་བྱ་བའི་གནས་ཚུལ་གསར་བར་གཟིགས་རྟོགས་དང་མགྱོགས་མྱུར་སྒོས་སྔོག་བཤེར་ལ་མཁོ་བའི་ཡིག་ཆ་འཚོལ་བསྡུ་བྱས་ལ། རང་འགུལ་གྱིས་འབྲེལ་ཡོད་གསོ་སྦྱོང་ལ་ཞུགས་པ་དང་། ཞིབ་བཤེར་དང་དཔྱད་འཇོག་བྱ་བ་ནན་ཏན་སྒོས་སྤེལ་པ་དང་། ཕན་ལྡན་ངང་འབྲེལ་ཡོད་ཡིག་ཆའི་སྤུས་ཚད་སྲུང་ཞིང་། ལོ་མཇུག་ཏུ་དུས་ལྟར་རེའུ་མིག་ཁ་བསྐོང་བ་དང་། སྙན་ཞུ་འབྲི་བ་སོགས་ལ་རྨང་གཞི་སྲ་བརྟན་བཏང་། དེའི་མཚུངས་སུ་སློབ་གྲྭ་འདིས་ཐེངས་གང་མང་ལ་རྒྱལ་ཡོངས་མཐོ་རིམ་སློབ་གྲྭའི་ཚན་རྩལ་དང་། སྤྱི་ཚོགས་ཚན་རིག་ལོ་རེའི་སྙན་ཞུ་སྤྱི་བསྡོམས་བྱ་བའི་ཚོགས་འདུ་ལ་ཞུགས་པ་དང་། དེ་མིན་བོད་རང་སྐྱོང་ལྗོངས་སློབ་གསོ་ཐིན་ལ་རོགས་འདེགས་སྒོས་སྤྱི་ཚོགས་ཚན་རིག་ལོ་རེའི་ཚན་རྩལ་སྙན་ཞུ་སྤྱི་བསྡོམས་དངR&Dཐོན་ཁུངས་སྔོག་བཤེར་སྤྱི་བསྡོམས་ཡར་ཞུ་བྱས་ནས་ཁོང་ཚོ་ལ་གདེང་འཇོག་ཆེན་པོ་ཐོབ་པ་རེད།

བོད་ལྗོངས་མི་རིགས་སློབ་གླིང་གི་སློབ་རའི་མཛེས་ལྗོངས།
ཞར་བཀོད།
བོད་ལྗོངས་མི་རིགས་སློབ་གླིང་ནི་ཧྲན་ཞི་ཞིང་ཆེན་གྱི་ཞཱན་ཡང་གྲོང་ཁྱེར་དུ་ཡོད་ཅིང་། བོད་ལྗོངས་ཞི་བས་བཅིངས་འགྲོལ་བྱས་རྗེས་ཏང་ཀྲུང་དབྱང་གིས་གནས་འདི་གར་བོད་ལྗོངས་ལ་བཙུགས་པའི་མཐོ་རིམ་སློབ་གྲྭ་ཐོག་མ་ཡིན་ལ། དེའི་སྔོན་མིང་ནི1958ལོར་བཙུགས་པའི་བོད་ལྗོངས་སྤྱི་གྲྭ་ཟེར་བ་དེ་ཞིང་། 1965ལོར་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཆོག་མཆན་ཐོབ་པ་བརྒྱུད་བོད་ལྗོངས་མི་རིགས་སློབ་གླིང་ཞེས་བཏགས། སློབ་གྲྭའི་ཁྱོན་ཡོངས་ལ་མུའུ630ལྷག་དང་ཁོར་ཡུག་མཛེས་ཤིང་སྡུག་ལ། སློབ་གྲོགས་རྣམས་ཀྱིས་ཚན་རྩལ་རིག་གནས་ཤེས་བྱ་སློབ་པར་ཆེས་ཕུགས་བསམ་ལྡན་པའི་སློབ་གླིང་ཞིག་ཡིན། སློབ་གྲྭ་བཙུགས་ནས་ལོ་ངོ50ལྷག་གི་རིང་ལ་སྣ་མང་འཛོམས་པའི་ཕུལ་བྱུང་སློབ་མ་ཁྲི4ལྷག་དང་། ཞིང་ཆེན་ཁག་རིམ་པའི་འགོ་ཁྲིད་པ30ལྷག དེ་མིན་སྒྱུ་རྩལ་པ་དང་རྩོམ་པ་པོ། དགེ་རྒན་ཆེན་མོ། གསོ་རིག་མཁས་པ། ཞིང་ལས་ཆེད་མཁས་པ། འཛུགས་སྐྲུན་ཆེད་མཁས་པ་སོགས་གང་མང་སྐྱེད་སྲིང་བྱས་ཤིང་། བོད་ལྗོངས་ལས་བྱེད་པའི་གཞིས་ཁྱིམ་ཞེས་པའི་མཚན་སྙན་ཐོབ་ཡོད།
