logo

ཉག་རོང་རྫོང་གིས་རྩོམ་སྒྲིག་བྱས་པའི་སློབ་སྔོན་བོད་རྒྱ་སྐད་གཉིས་བསླབ་དེབ་བཀོལ་སྤྱོད་བྱེད་པ།

རྩོམ་པ་པོ།:བདེ་ཆེན་མཚོ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2011-11-24 ཀློག་གྲངས།:
  ཉེ་སྔོན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་ཉག་རོང་རྫོང་གིས་བསྒྲིགས་པའི་སློབ་སྔོན་བོད་རྒྱ་སྐད་གཉིས་བསླབ་དེབ་རྫོང་དེ་གའི་ཡུལ་ཚོ་དང་གྲོང་རྡལ་རྣམས་སུ་བཀྲམ་ནས་དངོས་སུ་བཀོལ་སྤྱོད་བྱེད་འགོ་བརྩམས་པས་ས་གནས་དེ་གའི་སློབ་སྔོན་སློབ་གསོ་ཁྲོད་དོན་དངོས་དང་འཚམ་པའི་སྐད་གཉིས་བསླབ་དེབ་སྤྱོད་ཐུབ་པ་བྱུང་།
  བསླབ་དེབ་འདི་ནི་ཉག་རོང་རྫོང་སློབ་གསོ་ཅུའུ་ཡིས་འགྲོ་གྲོན་རང་གྲབས་དང་རྩ་འཛུགས་བྱས་ནས་བྱིས་སྙོར་ཁང་གི་འབྲེལ་ཡོད་མི་སྣས་བསྒྲིགས་པ་ཡིན་ཏེ།  འདི་ལ《བྱིས་པའི་དགའ་ཚལ》དང་། 《སྐད་བརྡ》《ང་རང་གྲངས་རིག་པར་དགའ》 བཅས་པའི་དེབ་གསུམ་དུ་འདུས་ཤིང་། རྫོང་ཡོངས་ཀྱི་བྱིས་སྙོར་དགེ་རྒན་རྣམས་དང་སློབ་སྔོན་བྱིས་པའི་སློབ་ཁྲིད་ཁྲོད་ཟུར་ལྟ་དང་བཀོལ་སྤྱོད་བྱེད་པ་ཡིན། རྩོམ་སྒྲིག་བྱེད་པའི་གོ་རིམ་ཁྲོད། བོད་རྒྱ་སྐད་གཉིས་ཟུང་སྦྲེལ་བྱེད་པ་དང་། ས་གནས་དེ་གའི་མི་རིགས་རང་ཉིད་ཀྱི་དངོས་གཞི་དང་ཟུང་སྦྲེལ་བྱེད་པ་གཉིས་དམིགས་བསལ་དུ་གཙིགས་སུ་བཟུང་ཞིང་། བསླབ་དེབ་ཧྲིལ་བོར་རི་མོ་དང་ཡི་གེ་སྤེལ་མར་བསྒྲིགས་ཡོད་པར་མ་ཟད། དེ་དང་འབྲེལ་ནསDVDསློབ་ཁྲིད་འོད་སྡེར་ཆ་ཚང་བསྒྲིགས་པ་བརྒྱུད་བྱིས་པའི་ཕལ་སྐད་དང་། སྲོལ་བཟང་སློབ་གསོ། རིག་པ་བསྐྱེད་པ་བཅས་ནས་བཟུང་སྟེ་བྱིས་པའི་སློབ་སྔོན་གྱི་སྐད་བརྡའི་རྨང་གཞི་དང་ཤེས་པའི་ཆུ་ཚད་མཐོར་འདེགས་བྱེད་པ་ཡིན། མ་ཟིན་ཐོག་མ་ལེགས་སྒྲིག་བྱས་ཚར་རྗེས། རྫོང་དེའི་སློབ་གསོ་ཅུས་འབྲེལ་ཡོད་མི་སྣ་རྩ་འཛུགས་བྱས་ཏེ་ཞུ་དག་དང་བཟོ་བཅོས་ལེགས་པོ་མཛད་ནས་བསླབ་དེབ་ཀྱི་ཡང་དག་རང་བཞིན་དང་། བཀོལ་སྤྱོད་རང་བཞིན། ཚན་རིག་རང་བཞིན་བཅས་མཐོར་འདེགས་བྱས་པ་རེད།


འབྲེལ་ཡོད་འོས་སྦྱོར།