ཁྲི་ཀ་རྫོང་མི་རིགས་བཅའ་སྡོད་སློབ་གྲྭས་སྐབས་གསུམ་པའི་གླག་རྒོད་རྟགས་ཅན་གྱི་ལྒང་ལི་འགྲན་བསྡུར་སྤེལ་པ།

དམིགས་ཡུལ་གཅིག་ལ་ཕྱོགས་པའི་ལྒང་རྒྱག་པའི་རེ་ལྟོས།
ཟླ11པའི་ཚེས15ཉིན་གུང་ནས་བཟུང་ཁྲི་ཀ་རྫོང་མི་རིགས་བཅའ་སྡོད་སློབ་གྲྭའི་སྐབས་གསུམ་པའི་གླག་རྒོད་རྟགས་ཅན་གྱི་ལྒང་ལི་འགྲན་བསྡུར་དེ་དགེ་སློབ་ཀུན་གྱི་དགའ་འབོད་ཁྲོད་ནས་ལྒང་རྒྱག་ར་བར་འགོ་བརྩམས། བྱ་འགུལ་འདི་ནི་དགེ་བཟོ་བ200ལྷག་གི་ཁྲོད་ནས་ལག་རྩལ་སྤོ་ལོ་ལ་བྱང་ཆ་ལྡན་ཞིང་རྩལ་མཐོ་བའི་ལྒང་རྒྱག་པ་བརྒྱ་ཙམ་བདམས་ནས་རུ་ཁག་དྲུག་ཏུ་བཅོས་ཏེ་འགྲན་བསྡུར་བྱེད་པའི་བྱ་འགུལ་ཞིག་ཡིན་ཞིང་ལོ་རེའི་དགུན་ཁར་དུས་ལྟར་སྤེལ་བཞིན་ཡོད།

ངས་གོ་སྐབས་བཟང་བོ་འཆོར་དུ་མི་འཇུག་ཁོ་ཐག་ཡིན།
ཐེངས་འདིར་ཡང་སྔོན་ལོ་བཞིན་དུ་དགེ་རྒན་ཡོངས་ཀྱིས་ནུས་ཤུགས་གང་ཡོད་དང་སྤྲོ་བ་ལྷད་མེད་ཀྱི་སྒོ་ནས་ཟབ་ཞུགས་བྱས་པ་དང་དགེ་རྒན་ཚང་མས་མཛའ་བརྩེ་དང་པོ་དང་འགྲན་སྡུར་གཉིས་པའི་མཆོད་ཚིག་སྲོག་ཤིང་དུ་བཟུང་ནས་ཕན་ཚུན་མཛའ་མཐུན། ཧུར་བརྩོན། རོལ་རྩེད། འབྲེལ་འདྲིས་སོགས་ཀྱི་སྙིང་དོན་གཞིར་བཟུང་ཞིང་ལུས་རྩལ་ནི་བདེ་ཐང་གི་སྔོན་འགྲོ་ཡིན་པའི་ངེས་ཤེས་འདྲོངས་ནས་རུ་ཁག་དག་ལོ་རིམ་དང་གཞུང་སྒྲུབ་ཁང་ལྟར་དུ་བགོས་པ་མིན་པར་གང་དགར་ཚན་སྡེབ་བྱས་པ་དང་། ཆུ་ཚད་འདྲ་མཉམ་སྒོས་རུ་ཁག་བགོས་ཡོད་པས། ཚང་མས་ཕུན་སུམ་ཚོགས་པའི་གྲ་སྒྲིག་དང་ལྒང་རྒྱག་ར་བའི་མཐའ་སྐོར་ཀུན་ཏུ་མ་བགྲོས་རང་འདུས་ངང་འགྲན་ཚོགས་ལ་ཞུགས་པ་འདིས་ཐེངས་འདིའི་འགྲན་བསྡུར་བདེ་ལེགས་ངང་མཇུག་སྒྲིལ་བར་ཡིད་ཆེས་ཆེན་པོ་ཡོད།
