ཧོལ་ཁ་མི་རིགས་བཅའ་སྡོད་སློབ་གྲྭའི་འགོ་ཁྲིད་དག་ཁྲི་ཀ་བཅའ་སྡོད་སློབ་གྲྭར་གཟིགས་ཞིབ་ཏུ་ཕེབས་པ།

གྲང་ངར་ཇི་འདྲའི་རྣོ་ན་ཡང་སློབ་གྲྭ་གཉིས་ཀའི་འགོ་ཁྲིད་ཀྱི་གདོང་ལ་འཛུམ་གྱིས་ཁེངས་འདུག
ཟླ11པའི་ཚེས14ཉིན། མཚོ་ལྷོ་ཁུལ་བྲག་དཀར་རྫོང་ཧོལ་ཁ་མི་རིགས་བཅའ་སྡོད་སློབ་གྲྭའི་དགེ་རྒན་ཉི་ཤུ་ལྷག་ཁྲི་ཀ་རྫོང་མི་རིགས་བཅའ་སྡོད་སློབ་གྲྭར་ལྟ་སྐོར་དང་བྱ་བར་གཟིགས་ཞིབ་ཏུ་ཕེབས་པ་རེད།

དགེ་རྒན་རྣམས་སློབ་གྲྭའི་མལ་ཤག་གི་བཀོད་པར་ལྟ་ཞིབ་གནང་བཞིན་པ།
ཧོལ་ཁ་མི་རིགས་བཅའ་སྡོད་སློབ་གྲྭ་ནི་སློབ་ཆུང་རིམ་པའི་བཅའ་སྡོད་རང་བཞིན་གྱི་མི་རིགས་སློབ་གྲྭ་ཞིག་ཡིན་པས། ཁྲི་ཀ་རྫོང་མི་རིགས་བཅའ་སྡོད་སློབ་གྲྭའི་ཕྱིའི་འཛུགས་སྐྲུན་དང་ནང་གི་ཇུས་གཞི། བཟོ་བཀོད་བཅས་ལ་གཟིགས་ཞིབ་གནངས་ཤིང་ཁྱད་པར་དུ་སློབ་ཆུང་རིམ་པའི་སློབ་སྒྲུབ་གནས་ཚུལ་ཏེ། སློབ་མའི་སློབ་སྦྱོང་གི་འཚོ་བ། མལ་ཤག་གི་སྒྲིག་གཞི། བཟའ་བཏུང་སྤྱོད་ཚུལ། དགེ་རྒན་རྣམ་པའི་སློབ་ཁྲིད་ཀྱི་ཐབས་ལམ་སོགས་སློབ་གྲྭ་གཉིས་ཀ་མི་མཐུན་པའི་ཁྱད་ཆོས་དམིགས་སུ་བཟུང་ནས་ལྟ་ཞིབ་དང་བགྲོ་གླེང་བྱས་ཏེ་ཕན་ཚུན་ལ་སློབ་སྦྱོང་དང་མི་འདང་བའི་ཆ་ཁ་གསབ། བཅོས་བསྒྱུར་བྱེད་དགོས་པའི་ཕྱོགས་སོ་སོའི་སློབ་གྲྭའི་འགོ་ཁྲིད་ཀྱིས་གྲོས་ཁ་གཅིག་ལ་བཅོལ་ནས་བསམ་བློ་བརྗེ་རེས་དང་མྱོང་བ་ཉམས་ལེན་བྱས།
